e-texts navigator
Collection
Volume
Page
Wylie

179b1 ཉིས་དཀྲི་བཀོལ་མེད་པ་ལྟར་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཐུགས་རྗེ་ནི་སེམས་ཅན་ཐམས་ཅད་ལ་སྙོམས་པར་མཛད་དོ།། གསུམ་པ་ནི་ཉིམས་ཉལ་ཉིལ་སྲེག་པ་ལྟར་བྱང་ཆུབ་སེམས་དཔའི་ལྷག་མཐོང་གི་ཤེས
179b2 རབ་ཀྱིས་ཉོན་མོངས་པའི་ཉལ་ཉིལ་རྣམས་སྲེག་པར་བྱེད་དོ། ། བཞི་པན་ཉིམས་འབྱུགས་པ་འཇག་ལྟ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གཉེན་པོ་ཡེ་ཤེས་དང་ལྡན་པས་ཉོན་མོངས་པ་འཁྲུགས་པ་ལྟ་བུའཇམ
179b3 བྱེད་དོ། ། ལྔ་པ་ནི་ཉིམས་ལྡན་པ་སེལ་བ་ལྟར་བྱང་ཆུབ་སེམས་དཔའི་སོ་སོར་ཀུན་དུ་རྟོགས་པའི་ཡེ་ཤེས་ཀྱིས་གཟུང་བ་དང་། འཛིན་པའི་མུན་བ་སེལ་བར་བྱེད་དོ།། དྲུག་པ་ནི་ཉི་མས་གླེང་བཞི་འཁོར་བལྟར་བྱང་ཆུབ
179b4 སེམས་དཔའི་ཕྲིན་ལས་ཕུན་སུམ་ཚོགས་པས་སྡུག་བསྔལ་གྱི་ཆུ་བོ་བཞི་ལས་ཐར་བར་མཛད་དོ། ། བདུན་པ་ནི་ཉིམས་ཀུན་ལ་སྙོམས་པར་དྲོ་བ་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕུན་སུམ་ཚོགས་པས་སེམས
179b5 ཅན་ཐམས་ཅད་ལ་རབ་ཏུ་དགའ་བར་མཛད་པའི་ཐབས་ནི་དྲོ་བའི་ལས་ལྟ་བུའོ། ། གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་སྟེ།། དེས་འདི་ལྟར་ཆོས
179b6 ཐམས་ཅད་རང་བཞིན་མེད་པ་དང་། མཚན་མ་མེད་པ་དང་། མཚན་མ་ཐམས་ཅད་དང་རབ་ཏུ་བྲལ་བ་དང་། དངོས་པོ་མེད་པ་དང་། དངོས་པོ་ཐམས་ཅད་དང་བྲལ་བ་དང་། གང་ཟག་པ་མེད་པ་དང་། གང་ཟག་པ
179b7 ཐམས་ཅད་དང་བྲལ་བ་དང་། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ལ་བསླབ་པར་བྱའོ།། རིགས་ཀྱི་བུ་ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། མནོར་བ་དེ་བཞིན་ཉིད་དང་།
179b8 གཞན་མ་ཡིན་པ་དེ་བཞིན་ཉིད་དང་། བདེན་པ་དང་། དེ་ཁོ་ནའི་དོན་ལ་བྱང་ཆུབ་སེམས་དཔའ་ས་བསླབ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཉི་མ་རབ་ཏུ་སྡང་བ་ལ་འདི་སྐད་ཅེས་བཀའ་སྩལ།། །




iiif viewer powered by OpenSeadragon

179a - 180a

Texts on this page

Q742 - 'phags pa shes rab kyi pha rol tu phyin pa nyi ma'i snying po'i theg pa chen po'i mdo