| | e-texts navigator
|
179a1 རྒྱུ་ག་ག་དུ། ཨརྱ་བཛྲཱ་དྷ་ར་མི་ཏྲཱ་སུ་ཧྱ་གདྷཱ་མ་ལཱ་ཨཱན་སཱུཿ། བོད་ཀད་དུ། གས་པ་ཤེས་རབ་ཀྱི་ཏུ་པ་མ་གང་པ་། པོས།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ
179a2 ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་མ་གདྷན་ཆོས་ཀྱི་དགོན་པ་ན་དགེ་སློང་ག་དགེ་འདུན་རབ་ཏུ་མང་པོ་དང་། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་མཐའ་ཡས
179a3 པ་ནས་འདུས་པ་ཚད་མད་གྲངས་མེད་པ་དང་། ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་འཁོར་དེར་བྱང་ཆུབ་སེམས་དཔའ་ཉི་མ་རབ་ཏུ་སྣང་བ་ཞེས་བྱ་བ་འདུག་པ་དེ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གལ་བ་དང
179a4 སོང་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པ་ལ་ཞུ་བ་མཆིས་ཏེ། བཅོམ་ལྡན་འདས་གནང་བའི་སྐབས་དབྱེ་བར་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ
179a5 སྩལ་པ། ཅི་དང་ཅི་འདོད་པ་དྲིས་ཤིག་དང་ངས་བཤད་པར་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་ཉི་མ་རབ་ཏུ་སྣང་བས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཐབས་མཁས་པའི་བྱང་ཆུབ་སེམ
179a6 དཔས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བགྱི། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ཐབས་མཁས་པའི་ཏིང་ངེ་འཛིན་ཉི་མ་ཞེས་བྱ་བ་ཡོད་པས་དེ་ལ་བྱང་ཆུབ་སེམས
179a7 དཔའ་རྣམས་ཀྱིས་དེ་ལྟར་བསླབ་པར་བྱའོ། ། བཅོམ་ལྡན་འདས་ལ་གསོལ་པ་ཇི་ལྟར་བསླབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟར་ཐབས་མཁས་པའི་ཉི་མའི་ཏིང་ངེ་འཛིན་ནི
179a8 རྣམ་པ་བདུན་ཡོད་དོ། ། གང་ཞེ་ན་དང་པོ་ནི་འདི་ལྟར་ཉི་མས་མྱུ་གུ་སྨིན་པར་བྱེད་པ་ལྟར། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཉི་མ་ལྟ་བུས་སེམས་ཅན་རྣམས་ལ་བྱང་ཆུབ་ཀྱི་མྱུ་གུ་སྨིན་པར་མཛད་དོ།། གཉིས་པ་ནི།
iiif viewer powered by OpenSeadragon
178b - 179b