| | e-texts navigator
|
177b1 པར་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ།། རབ་འབྱོར་དེ་དག་ནི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། ཉན་ཐོས་ཀྱིས་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ
177b2 སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་གང་དག་ཡིན་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་ཆུད་ཅིང་འདུས་ཏེ་འུ་བ་ལ་ཡང་དག་པར་གཞོལ་བ་རྣམས་ཡིན་ནོ།། རབ་འབྱོར་གྱིས
177b3 གསོལ་པ། བཅོམ་ལྡན་འདས་འདི་ལྟར་དགེའ་བའི་ཆོས་བྱང་ཆུབ་ཀྱི་ཅིགས་རྣམས་དང་། ཉན་ཐོས་ཀྱི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་བྱང་ཆུབ་སེམས་དཔའི་ཆོས་རྣམས་ད། ཡང་རྒྱས་ཀྱི་ཆོས་རྣམས་གང་ག་ལགས་པ་དང་།
177b4 ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་ཆུད་ཅིང་འདུས་ཏེ། འུ་བ་ལ་ཡང་དག་པར་གཞོལ་བ་ནི་བཅོམ་ལྡན་འདས་ཀྱེ་མ་ཨ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཟབ་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ
177b5 སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པའི་ཕྱིར་རོ།། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱེ་མ་ཨ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཏིང་དཔག་དཀའ་བ་ལ་ཞེས།
177b6 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ།། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱེ་མ་ཨ་ལ་ལ། ཨ་ལ་ལ། ཤེས་རབ་ཀྱི
177b7 རོལ་ཏུ་ཕྱིན་པ་འདི་ནམ་མཁའ་དང་མཚུངས་པ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ།། རབ་འབྱོར་དེ་བས་ན་ཤེས་རབ་ཀྱི་ཕ
177b8 རོལ་ཏུ་ཕྱིན་པ་ནི་ནམ་མཁའ་ལྟ་བུ་ཡིན་ནོ། ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱེ་མ་ཨ་ལ་ལ། ཨ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་བརྩོན་པས་རྟོགས་པར་བཀའ་བ་ལགས་སོ།།
iiif viewer powered by OpenSeadragon
177a - 178a