| | e-texts navigator
|
176a1 རྒྱ་གར་སྐད་དུ། ཨཱརྱ་བྷ་ག་བཱ་ཏི་པྲ་ཛྙཱ་པཱ་ར་མི་ཧཱ་པཉྩ་ཤ་ཏི་ཀ། བོད་སྐད་དུ། འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བཅུ་པའོ།། སངས་རྒྱས་དང་། བྱང་ཆུབ་སེམས
176a2 དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁེབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན
176a3 ཆེན་པ་དང་ཐབས་གཅིག་དུ་བཞུགས་ཏེ། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྟོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྟན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མེའམ་ཅི་དང་། ལྟོའརྒྱ་ཆེན
176a4 པོ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མདུམ་དག་དང་ཡང་ཐབས་གཅིག་གོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་གང་ལ་ལ་ཞིག་ཉན་ཐོས
176a5 ཀྱིས་ལ་སློབ་པར་འདོད་པ་དང་། རང་སངས་རྒྱས་ཀྱིས་ལ་སློབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཉན་པར་བྱའོ།། གཟུང་བར་བྱ། བཅང་བ་དག། ཀློག་པར་ཨུ0f7f། ཀུན་ཆུབ་པར་བྱའོ།། བྱང་ཆུབ་སེམས
176a6 དཔའ་ཐབས་ལ་མཁས་པ་དང་ལྡན་པས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཁོད་ལ་མངན་པར་བརྩོན་པར་བྱའོ།། དེ་ཅིའི་ཕྱིར
176a7 ཞེན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་གང་ལ་བསླབ་པར་བྱ་བ་དང་། རྣལ་འབྱོར་དབྱ་བ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ
176a8 བྱིན་པ་འདི་ཉིད་དུ་རྒྱ་ཆེར་བསྟན་པའི་ཕྱིར་རོ། ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། ཀློག་པར་བྱ།།
iiif viewer powered by OpenSeadragon
175b - 176b