| | e-texts navigator
|
175b1 ཡང་དག་པར་ཞུགས་པས་འདི་ལྟར་ཆོས་ཐམས་ཅད་ཤེས་པར་བྱ། བལྟ་བར་བྱའོ།། མས་པར་བྱ་སྟེ། ཅིན་ས་ཆོས་སུ་འདུ་ཤེས་པ་ལ་ཡང་མི་གནས་པ་དེ་ལྟར་མོས་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་སུ
175b2 འདུ་ཤེས་ཆོས་སུ་འདུཞེས་ཤེས་བྱ་ནི་འདུ་ཤེས་མེད་པར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཏེ། དེས་ན་ཆོས་སུ་འདུ་ཤེས་ཤེས་བྱའོ།། ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་འཇིག
175b3 རྟེན་གྱི་ཁམས་དཔག་ཏུ་མེད་ཅིང་ཟངས་མེད་པ་དག་རིན་པོ་ཆེ་སྣ་བདུན་གྱིས་རབ་དུ་གང་བར་བྱས་ཏེ་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་འཐན་ཚིགས
175b4 བཞི་པའི་ཚིགས་སུ་བཅད་པ་ཙམ་བླངས་ནས་འཛིན་ཏམ། ཀློག་གམ། ཀུན་ཆུབ་པར་བྱེད་དག། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ན་དེ་ཉིད་གཞི་དེ་ལས་བསོད་ནམས་ཆེས་མང་དུ་གྲངས་མེད་དཔག་ཏུ་མེད་པ
175b5 བསྐྱེད་དོ། ། ཇི་ལྟར་ཡང་དག་པར་རབ་ཏུ་སྟོན་ཅེ་ན། ཇི་ལྟར་ཡང་དག་པར་རབ་ཏུ་མི་སྟོན་པ་བཞིན་དུ་སྟེ། དེས་ན་ཡང་དག་པར་རབ་ཏུ་སྟོན་པ་ཞེས་བྱའོ།། སྐར་མ་རབ་རིབ་མར་མེ་དང་། སྒྱུམ་ཟིལ་པ་ཆུ་བུར་དང་། རྨི་ལམ
175b6 གློག་དང་སྤྲིན་ལྟ་བུར། ། འདུས་བྱས་དེ་ལྟར་བལྟ་བར་བྱ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ནས། གནས་བརྟན་རབ་འབྱོར་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། འཁོར་བཞི་པོ་དགེ་སློང་དང་། དགེ་སློང
175b7 མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟད་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།
175b8 འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། རྫོགས་སྷོ།།
iiif viewer powered by OpenSeadragon
175a - 176a