e-texts navigator
Collection
Volume
Page
Wylie

174b1 ཆད་པར་བདགས་པ་མེད་དོ།། ཡང་རབ་འབྱོར་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་རིན་པོ་ཆེ་སྣ་བདུན་གྱིས་བཅུགང་བར་བྱས་ཏེ
174b2 སྦྱིན་པ་བྱིན་པ་བས། བྱང་ཆུབ་སེམས་དཔའ་གང་ཞིག་ཆོས་རྣམས་བདག་མེད་ཅིང་སྐྱེ་བ་མེད་པ་ལ་བཟོད་པ་ཐོབ་ན་དེ་ཉིད་གཞི་དེ་ལས་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་སྐྱེད་དོ།། ཡང་རབ་འབྱོར་བྱང།
174b3 ཆུབ་སེམས་དཔའ་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་གཟུང་བར་མི་བྱའོ།། ཚེ་དང་ལྡན་པ་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ
174b4 གཟུང་བར་མི་བགྱི་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཡོངས་སུ་གཟུང་མོད་ཀྱིས་ལོག་པར་མི་གཟུང་སྟེ། དེས་ན་ཡོངས་སུ་གཟུང་བ་ཞེས་བྱའོ།། རབ་འབྱོར་གང་ལ་ལ
174b5 ཞིག་འདི་སྐད་དུ། དེ་བཞིན་གཤེགས་པ་བཞུད་དམ། བྱོན་ཏམ། བཞེངས་སམ། བཞུགས་སམ། མནལ་བ་མཛད་དེ་ཞེས་དེ་སྐད་ཟེར་ན། དེས་ན་ངས་བཤད་པའི་དོན་མི་ཤེས་སོ།། དེ་ཅིའི་ཕྱིར་ཞེ་ན། རབ
174b6 འབྱོར་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་གར་ཡང་མ་བཞུད། གང་ནས་ཀྱང་མ་བྱོན་པའི་ཕྱིར་ཏེ། དེས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བྱའོ།། ཡང་རབ་འབྱོར
174b7 རིགས་བ་འམ། རིགས་ཀྱི་བུ་མོ་གང་གིས་སྟོད་གསུམ་གྱི་སྤྱོད་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སའི་རྡུལ་རྣམས་ཇི་ཉིད་ཡོད་པ་དེ་དག་འདི་ལྟ་སྟེ་དཔེར་ན་རྡུལ་ཕྲ་རབ་ཀྱིས་ཚོགས་བཞིན་དུ་བྱེ་མར་བྱས་ན།
174b8 རབ་འབྱོར་འདི་ཇི་སྙམ་དུ་སེམས། རྡུལ་ཕྲ་རབ་ཀྱིས་ཆོག་དེ་མང་བ་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་ཏེ། རྡུལ་ཕྲ་རབ་ཀྱིས་ཚོགས་དེ་མེད་པ་ལགས་སོ།། དེ་ཅིའི་སླད་དུ




iiif viewer powered by OpenSeadragon

174a - 175a

Texts on this page

Q739 - 'phags pa shes rab kyi pha rol tu phyin pa rdo rje gcod pa zhes bya ba theg pa chen po'i mdo