e-texts navigator
Collection
Volume
Page
Wylie

15a1 སྐྱོབས་དང་དབང་པོ་རྣམ་ཐར་ཏིང་འདི་ཐོབ་ད་ལ།། འདི་ནི་དགོན་དབེན་སྤྱོད་པ་མིན་སྙམ་བརྙེས་བྱེད་པ།། དེ་ན་བདུད་ཀྱི་སྤྱོང་ཡལ་གནས་ཤེས་རྒྱལ་བས་གསུངས།། ག་ཤིག
15a2 དམ་འོན་ཏེ་དགོན་པར་གནས་ཀྱང་རུང་། ། ཐེག་པ་གཉིས་ཀྱི་སེམས་བྲལ་བྱང་ཆུབ་མཆོག་དེས་ན།། འདི་ནི་འགྲོ་དོན་བཞུགས་པ་རྣམས་ཀྱིས་དབེན་པ་སྟེ།། བྱང་ཆུབ་སེམས་དཔའ་དྲོད་ཉོམ་དེ་ནི
15a3 བདག་ཉིད་ཉམས། ། དེ་ལྟ་བས་ན་བྱང་ཆུབ་དམ་པ་ཚོལ་བ་ཡིས།། བསམ་པ་དྲག་ལྡན་མཁས་པས་ང་རྒྱལ་ངེས་བཅོམ་སྟེ།། ནད་པའི་ཚོགས་ཀྱིས་གསོ་ཕྱིར་སྨན་པ་སྟེན་པ་ལྟར།། གཡེལ་བ་མེད
15a4 པར་དགེ་བའི་བཤེས་གཉེན་བསྟེན་པར་བྱ། ། སངས་རྒྱས་བྱང་ཆུབ་མཆོག་ཞུགས་བྱང་ཆུབ་སེམས་དཔའ་དག། ཕ་རོལ་ཕྱིན་དང་བཅས་ཏེ་དགེ་བའི་བཤེས་སུ་བསྟན།། དེ་དག་རྗེས་སུ་སྟོན་བྱེད་འདི།
15a5 ནི་བསྒྲུབ་པའི་ས།། རྒྱུ་རྣམ་གཉིས་ཀྱིས་སངས་རྒྱས་བྱང་ཆུབ་མྱུར་དུ་རྟོགས།། རྒྱལ་བ་འདས་དང་མ་བྱོན་ཕྱོགས་བཅུར་གང་བཞུགས་པ།། ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན།།
15a6 ཕ་རོལ་ཕྱིན་འདི་བྱང་ཆུབ་མཆོག་ལ་ཞུགས་རྣམས་ཀྱི།། གསལ་དང་སྒྲོན་དང་སྣང་དང་སྟོན་མཆོག་ཡིན་ཞེས་བཤད།། ཇི་ལྟར་ཤེས་རབ་ཕ་རོལ་ཕྱིན་པ་མཚན་ཉིད་སྟོང་།། ཆོས་འདི་ཐམས་ཅད
15a7 མཚན་ཉིད་དེ་དང་འདྲར་ཤེས་ཤིང་། ། ཆོས་རྣམས་སྟོང་ཞིང་མཚན་མ་མེད་པར་རབ་ཤེས་ན།། དེ་ལྟར་སྤྱོད་པ་བདེ་གཤེགས་ཤེས་རབ་སྤྱོད་པ་ཡིན།། སེམས་ཅན་ཡོངས་སུ་རྟོག་པ་ཟས་ལ
15a8 འདོད་བྱེད་ཅིང་། ། འཁོར་བར་ཆགས་པའི་ཡིད་དང་ལྡན་རྣམས་རྟག་ཏུ་འཁོར།། བདག་དང་བདག་གི་ཆོས་གཉིས་ཡང་དག་མིན་སྟོང་སྟེ།། བྱིས་པ་བདག་ཉིད་ཀྱིས་ནི་མཁའ་ལ་མདུད་པ་བོར།




iiif viewer powered by OpenSeadragon

14b - 15b

Texts on this page

Q735 - 'phags pa shes rab kyi pha rol tu phyin pa sdud pa tshigs su bcad pa