e-texts navigator
Collection
Volume
Page
Wylie

142a1 ཏ་དང་། པད་མ་དཀར་པོ་དང་། ལྷའི་རོལ་མོའི་སྒྲ་དག་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་ཡང་མཆོད་ཅིང་བཅོམ་ལྡན་འདས་དང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཡང་གཏོར། མངོན་པར
142a2 གཏོར་ནས་འདི་སྐད་ཅེས་དགེ་བའི་རྩ་བ་འདི་གང་དག་ཕྱག་རྒྱ་འདིས་བཏབ་པ་དེ་དག་གིས་བླ་ན་མེད་པའི་ཆོས་རིན་པོ་ཆེ་འདི་མཆོད་པ་དང་། ཕྱི་ཕྱིར་ཞིང་ཐོས་པར་གྱུར་ཅིག་ཅེས་སྤྲས་སོ།། ལྷའི་དབང་པོ་བརྒྱ་བྱིན
142a3 ཀྱིས་ཀྱང་ཚིག་འདི་སྐད་ཅེས་སྨྲས་སོ། ། བཅོམ་ལྡན་འདས་བདག་གིས་ཀྱང་མ་བྱུང་བ་དང་། མ་སྐྱེས་པའི་བར་གྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འཛམ་བུའི་གླིང་འདིར་སྨོད་པར་གྱུར་པ་དང་། རིགས་ཀྱི་བུ་འམ
142a4 རིགས་ཀྱི་བུ་མོ་དེ་འདྲ་བ་དེ་དག་གི་རྣ་ལམ་དུ་གྲགས་པར་འགྱུར་བ་ནས་དེ་དག་ཉིད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བསྒྲུབ་པར་འགྱུར་བར་བགྱི་བའི་བར་གྱི་སླད་དུ་བརྩོན་པར་བགྱིའོ། ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ
142a5 རོལ་དུ་ཕྱིན་པ་བསྟན་པ་འདི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་གི་རྣ་ལམ་དུ་ཚེགས་ཆུང་ངུས་གྲག་ལ་ཐོས་ནས་ཀྱང་མོས་པ་དང་། མོས་ནས་ཀྱང་འཛིན་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། འཆང་བའི་བར་དུ་བགྱིད་པའི་རིགས
142a6 ཀྱིབུའམ་རིགས་ཀྱི་བུ་མོ་དེ་དག་གིས་བདག་ཅག་གི་འདི་ནི་ལྷས་བསྒྲུབས་པའོ་ཞེས་ཐེ་ཙོམ་མ་མཆིས་པར་འཚལ་བར་བགྱིའོ། ། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས
142a7 བཀའ་སྩལ་ཏོ། ། ཀེའུ་ཤི་ཀ་དེ་དེ་བཞིན་ནོ།། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་འགྲུབ་པར་ལྟའོ།། དེ་དག་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་ངེས་པར་ཤེས
142a8 པར་བྱའོ། ། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྟན་པ་འདི་བྱིན་གྱིས




iiif viewer powered by OpenSeadragon

141b - 142b

Texts on this page

Q737 - 'phags pa shes rab kyi pha rol tu phyin pa bdun brgya pa zhes bya ba theg pa chen po'i mdo