| | e-texts navigator
|
140b1 ས་ན་ག་། འདོད་པའི་རིགས་ཀྱི་བུའམ།
140b2 ། རིགས་ཀྱི་ཐམོས་ཀྱང་གིས་རབཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་པ་མི་དམིགས་པའི་ཚུལ་གྱིས་བསླབ་པར་བྱའོ།། དེ་བཞིན་གཤེགས་པན་པ་དགག་སུད་པ་རྐྱེན་པ་བླ་རྙེད་པོའི་ན
140b3 ཐུམ། རིགས་ཀྱི་བུ་མོས་ཀྱང་ཤེས་རབཀྱི་པ་ལ་དུ་ཕྱིན་པ་འདི་ཉིད་ལ་མི་དམིགས་པའི་ཚུལ་གྱིས་བསླབ་པར་བྱའོ།། བླན་མེད་པ་ཡང་ད། པར་རྫོགས་པའི་གྱིང་ཆུབ་མངོན་པར་རྫོས
140b4 ཀྱི་བུའམ། རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མངོན་པར་འདུ་བྱ་བ་མེད་པའི་ཚུལ་གྱིས་བསླབ་པར་བྱའོ།། ཏིང་ངེ་འཛིན་ཐམས་ཅད་ལ་མཁས་པར་བསྒྲུབ་པར་འདོད་པའི་རིགས་ཀྱི་བུ་འམ
140b5 རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་མི་དམིགས་པའི་ཚུལ་གྱིས་བསླབ་པར་བྱའོ། ། ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས་པར་འཇུག་པར་འདོད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་ཀྱང་ཤེས
140b6 རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་མི་དམིགས་པའི་ཚུལ་གྱིས་བསླབ་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་དེ་དག་བྱས་པ་མ་ཡིན་པའི་ཕྱིར་རོ།། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན
140b7 པའི་ཡེ་ཤེས་ཀྱི་བར་དུ་བསྒྲུབ་པར་འདོད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་དངོས་པོ་མེད་པའི་ཚུལ་གྱིས་བསླབ་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྣམ་པ
140b8 ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་བྱས་པ་མ་ཡིན་པ་དང་། མ་སྐྱེས་པ་དང་། དངོས་པོ་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་ངེས་པར་འབྱུང་བ་དང་བཅས་པ་སྟེ།
iiif viewer powered by OpenSeadragon
140a - 141a