e-texts navigator
Collection
Volume
Page
Wylie

118a1 ལྡན་འདས་ཀྱིས་འཇས་དང་ས་གཞོནན་བྱུང་པ་ལ་འདི་སད་ཀྱིས་བཀའ་སྩལ་ཏོ། ། འཇམ་དཔལ་སངས་རྒྱས་ཀྱི་ཆོས་རྣམས་མཆོག་ས་ཡིན་ནམ། འཇམ་དཔལ་རྒྱས་གསལ་པ། བཅོམ་ལྡན་འདས་བང
118a2 མ་མཆིས་པའི་སླད་དུ་སངས་རྒྱས་ཀྱི་ཆོས་རྣམས་ནི་མཆོག་ལགས་སོ། ། བཅོམ་ལྡན་འདས་ཆོས་ཐམས་ཅད་སྟོང་པར་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ལགས་སམ།། བཅོམ་ལྡན་འདས་ཀྱིས
118a3 བཀའ་སྩལ་པ། འཇམ་དཔལ་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྟོང་པར་མངོན་པར་རྫོགས་པར་སངས་རྒྱས་སོ།། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སྟོང་པ་ཉིད་ལ་མཆོག་གམ
118a4 ཐས་ཞེས་བགྱི་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ལེགས་སོ་ལེགས་སོ།། འཇམ་དཔལ་དེ་དེ་བཞིན་ཏེ། ཇི་སྐད་སྤྲས་པ་བཞིན་ནོ།། འཇམ་དཔལ་སངས་རྒྱས་ཀྱི་ཆོས་རྣམས་བླན
118a5 མེད་པ་མ་ཡིན་ནམ། འཇམ་དཔལ་གྱིས་གསོལ་པ། དེ་དེ་ལྟ་ལགས་ཏེ་སངས་རྒྱས་ཀྱི་ཆོས་རྣམས་ནི་བླ་ན་མ་མཆིས་པ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་དེ་དག་ལ་ཆོས་ཅུང་ཟད་ཙམ་ཡང
118a6 མ་མཆིས་ཤིང་མི་དམིགས་ཏེ། དེ་བས་ན་སངས་རྒྱས་ཀྱི་ཆོས་དེ་དག་ནི་བླ་ན་མ་མཆིས་པའོ།། བཅོམ་ལྡན་འདས་གཞན་ཡང་གང་སངས་རྒྱས་ཀྱི་ཆོས་རྣམས་སྒྲུབ་པར་ཡང་མི་བགྱིད་ལ། སོ་སོའི་སྐྱེ་བོའི་ཆོས་རྣམས
118a7 སྤོང་བར་ཡང་མི་བགྱིད་ཅིང་སངས་རྒྱས་ཀྱི་ཆོས་རྣམས་འདུལ་བ་ཡང་མ་ལགས་ལ་འཛིན་པ་ཡང་མ་ལགས་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་ལགས་སོ། ། བཅོམ་ལྡན་འདས་གཞན་ཡང་གང་ཆོས་གང་ལ
118a8 ཡང་མི་སེམས་ལ་རྣམ་པར་མི་རིག་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྒོམ་པ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སེམས་སམ། འཇམ




iiif viewer powered by OpenSeadragon

117b - 118b

Texts on this page

Q737 - 'phags pa shes rab kyi pha rol tu phyin pa bdun brgya pa zhes bya ba theg pa chen po'i mdo