e-texts navigator
Collection
Volume
Page
Wylie

117b1 རབ་ཀྱི་བ་མ་སྒོམ་པ་ལགས་སོ། ། དེ་ཅིའི་རྩད་པཞེ་ན། བཅོམ་ལྡན་འདས་སྐྱེ་བམ་མཅས་པ་ལ་འགྲིབ་པ་དང་། འཕེལ་བམ་མཆིས་པའི་མང་དུའོ།། བཅོམ་ལྡན་འདས་གང་ང་ལྟར་མོས་པ་དེ་ཤེས་རབ
117b2 རོལ་དུ་ཕྱིན་པ་སྒོམ་པ་ལགས་སོ། ། བཅོམ་ལྡན་འདས་གང་ཆོས་གང་ཡང་སྐྱེ་བ་འམ། འགག་པར་མི་བགྱིད་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོམ་པ་ལགས་སོ།། བཅོམ་ལྡན་འདས་གང་ཆོས་གང་ལ་ཡང་འགྲིབ
117b3 པ་འམ་རྒྱས་པར་མི་བགྱིད་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོམ་པ་ལགས་ཏེ། བཅོམ་ལྡན་འདས་གང་དེ་ལྟར་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོམ་པ་ལགས་སོ།། བཅོམ་ལྡན་འདས་གཞན་ཡང་བསམ་གྱིས
117b4 མི་འི་ཆོས་པ་ཡརང་མི་སྨོན་མི་ཉི་ལ་ཡང་མི་སྨོ་གི་སོམ་དན་དས་གང་ཐོད་པ་དང་། གང་གིས་སྨོན་པ་དེ་ཉིད་ཀྱང་མ་མཆིས་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོམ་པ་ལགས་ཏེ། བཅོམ་ལྡན་འདས་དེ་ལྟར་སྒོམ་ན་ཤེས་རབ་ཀྱི་ཕ་རོམ
117b5 དུ་ཕྱིན་པ་བསྒོམ་པ་ལགས་སོ། ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོམ་པ་ནི་འདི་ལྟར་ཆོས་འདི་དག་ནི་མཆོག་གོ།། ཆོས་འདི་དག་ནི་ཐའ་མའོ་ཞེས་བགྱི་བར་ཉེ་བར་མི་གནས་ཤིང་ཚེས་གང་དག་མཆོག
117b6 དང་ཐ་མར་འགྱུར་བའི་ཆོས་དེ་དག་ཀྱང་མི་དམིགས་ཏེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོམ་པའི་རྣལ་འབྱོར་ལ་བརྩོན་པའི་རིགས་ཀྱི་བུ་ནི་ཆོས་ཐམས་ཅད་མི་དམིགས་སོ།། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ
117b7 དུ་ཕྱིན་པ་སྒོམ་པ་ནི་ཆོས་གང་ཡང་མཆོག་ཅེ་འམ་ཐ་མ་ཞེས་མི་ཏོག་གོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སྐྱེ་བ་མ་མཆིས་པ་ལ་མཆོག་གམ་ཐ་མ་ཞེ་བགྱི་བ་གང་ཡང་མ་མཆིས་པའི་སླད་དུའོ།། དེ་བཞིན་ཉིད་དང་།
117b8 ཡང་དག་པའི་མཐའ་དང་། ཆོས་ཐམས་ཅད་ཀྱི་བར་ལ་ཡང་མཆོག་གམ་ཐ་མ་མ་མཆིས་ཏེ། བཅོམ་ལྡན་འདས་དེ་ལྟར་སྒོམ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལགས་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན




iiif viewer powered by OpenSeadragon

117a - 118a

Texts on this page

Q737 - 'phags pa shes rab kyi pha rol tu phyin pa bdun brgya pa zhes bya ba theg pa chen po'i mdo