| | e-texts navigator
|
117a1 ལྡན་འདས་གང་ཅིལ་ཡང་མི་གནས་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁོད་གང་གི་ཆ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ
117a2 བསྒོམ་པ་དེའི་ཚེ། ཁྱོད་ཀྱིས་དགེ་བའི་རྩ་བ་འཕེལ་བའམ་འབྲི་བར་འགྱུར། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེའི་ཆེ་བདག་ག་དགེ་བའི་རྩ་བ་འཕེལ་བ་འམ། འབྲི་བར་གྱུར་བ་ཅི་ཡང་མ་མཆིས་སོ།།
117a3 བཅོམ་ལྡན་འདས་གང་ལས་ཆོས་འགའ་ཞིག་འཕེལ་བའམ་འབྲི་བ་མ་མཆིས་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་མ་ལགས་ཏེ།། བཅོམ་ལྡན་འདས་གང་ཡང་ཆོས་འགའ་ཞིག་འཕེལ་བའི་སླད་དུའ
117a4 འབྲི་བའི་སླད་དུ་ཉེ་བར་གནས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོམ་པ་མ་ལགས་པར་རིག་པར་བགྱིའོ། ། བཅོམ་ལྡན་འདས་གང་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་མི་སྤོང་ལ་སངས་རྒྱས་ཀྱི་ཆོས་རྣམས
117a5 མེ་ལེན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོམ་པ་ལགས་སོ། ། དེ་ཅིའི་སྲད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྟིམ་པ་ནི་ཆོས་གང་སྤོང་བ་འམ། བླང་བར་དམིགས་པས་ཆོས
117a6 གང་ས་ཡང་མི་གནས་པ་ཡང་། ། སེམ་འན་འདས་གང་ལ་ར་བའི་ལྟན་དུ་ཡང་མི་མཆིས་ལ།། ཁྱང་ནལས་འདས་པའི་ཡན་། ན་དུ་ཡང་མི་མཆི་བ་དེགས་རབརྩེ་བར་བར་བྱེད་པ་ཐམམ་པ་ལགསས།
117a7 དེཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་ལོ་ག་དི་ཉིད་ཀྱང་མི་མཐོང་ན་འཁོར་བའི་སྔོན་ལྟོ་སྨོས་ཀྱང་ཅི་འཚལ།། མྱ་ངན་འདས་པ་ཉིད་མི་དམིགས་ན་མྱ་ངན་ལས་འདས་པའི་ཡོན་ཏན་ལྟ་སྤོས་ཀྱང་ཅི་འཚལ་ཏེ། བཅོམ
117a8 ལྡན་འདས་གང་ཆོས་ག་ལ་ཡང་ཐསལ། གཟུང་བ་འམ། དོར་བ་མ་མཆིས་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་ལགས་སོ།། བཅོམ་ལྡན་འདས་གང་ཆོས་གང་པ་ཡང་འགྲིབ་པ་དང་། འཕེལ་བ་མི་དམིགས་པ་དེ་ཤེས
iiif viewer powered by OpenSeadragon
116b - 117b