e-texts navigator
Collection
Volume
Page
Wylie

116b1 ཤིན་དུ་མི་དམིགས་པ་དེའི་ཚེ་ཅི་སེམས་ཅན་དུ་ཡང་འདོགས་སམ། ཡང་གལ་ཏེ་འཇམ་དཔལ་ཁྱོད་ལ་འགའ་ཞིག་སེམས་ཅན་ཇི་སྙེད་ཡོད་ཅེས་དེ་གང་འདྲིན། དེ་ལ་ཁྱོད་ཀྱིས་ཇི་སྐང་བྱ། འཇམ་དཔལ་གྱིས་གསོལ
116b2 བཅོམ་ལྡན་འདས་དེ་སྐད་འདྲི་བ་དེ་ལ་བདག་གིས་འདི་སྐད་དུ་སངས་རྒྱས་ཀྱི་ཆོས་ཇི་སྙེད་པ་དེ་སྙེད་དོ་ཞེས་བགྱིའོ། ། བཅོམ་ལྡན་འདས་གལ་ཏེ་ཡང་སེམས་ཅན་གྱི་ཁམས་ཀྱི་ཆད་ཇི་ཙམ་ཞེས་འདྲིན། དེསྐད་འདྲི་བདེ
116b3 ལ་བདག་གིས་འདི་སྐད་དུ་སངས་རྒྱས་ཀྱི་ཡུལ་གྱི་ཚད་ཇིཙམ་མོ་ཞེས་བགྱིའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་གལ་ཏེ། ཡང་ལ་ལ་ཞིག་འདི་སྐད་དུ་སེམས་ཅན་གྱི་ཁམས་གང་དུ་གཏོགས
116b4 ཤེས་འདྲིན། དེ་ལ་ཁྱོད་ཀྱིས་ཇི་སྐད་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེ་སྐད་འདྲི་བ་དེ་ལ་བདག་གིས་འདི་སྐད་དུ་སྐྱེ་བ་མེད་པ་བསམ་གྱིས་མི་ཁྱབ་པ་གང་དུ་གཏོགས་པར་གཏོགས་སོ་ཞེས་བགྱིའོ།།
116b5 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་གལ་ཏེ་ཡང་ལ་ལ་ཞིག་ཁྱོད་ལ་འདི་སྐད་དུ། སེམས་ཅན་གྱི་ཁམས་ཅི་ལ་གནས་ཤེས་འདྲི་ན། དེ་ལ་ཁྱོད་ཀྱིས་ཇི་སྐད་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན
116b6 འདས་དེ་སྐད་འདྲི་བ་དེ་ལ་བདག་གིས་འདི་སྐད་དུ། སྐྱེ་བ་མེད་པའི་ཁམས་ཅི་ལ་གནས་པ་དེ་ལ་སེམས་ཅན་གྱི་ཁམས་ཀྱང་གནས་སོ་ཞེས་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་གང་གི
116b7 ཚེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོམ་པ་དེའི་ཚེ། ཙ་ལ་གནས་ཏེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་གང་གི་ཚེ་བདག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོམ་པ་དེའི་ཚེ་མི་གནས
116b8 པར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོ་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་མི་གནས་པ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསྒོམ་དུ་ཡང་ཅི་ཡོད།། འཇམ་དཔལ་གྱི་གསོལ་པ། བཅོམ




iiif viewer powered by OpenSeadragon

116a - 117a

Texts on this page

Q737 - 'phags pa shes rab kyi pha rol tu phyin pa bdun brgya pa zhes bya ba theg pa chen po'i mdo