| | e-texts navigator
|
114b1 དེ་ནས་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཆེན་པོ་རྣམས་འོངས་ཤིང་ལྷགས་ཏེ་འདུས་པར་མཁྱེན་ནས་གག་གི་གྲོང་ནས་བྱུ་པོ་རྦོང་གི་བྱི་བོ་ཕྱོགས་གཅིག་ཏུ་གདན་གཏིང་བ་ལ་བཞུགས་སོ།། བཞུགས་ནས་ཀྱང་བཅོམ་ལྡན
114b2 འདས་ཀྱིས་མཁྱེན་བཞིན་དུ་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་ཁྱོད་ཅིའི་བྱི་རི་ཞོགས་པས་འོངས་ཏེ། དེ་བཞིན་གཤེགས་པའི་ཕོ་བྲང་གི་སྒོ་ན་འདུག། དེ་སྐད་ཅེས་བཀའ་བསྩལ་པ་དང་། བཅོམ
114b3 ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཐམས་ཅད་ཀྱི་ཐོག་མ་ཉིད་དུ་འཇམ་དཔལ་གཞོན་ནུར་གྱུར་པ་དེ་བཞིན་གཤེགས་པའི་ཕོ་བྲང་གི་ཆ་བསྒོར་མཆིས་སོ།། བདག་ནི
114b4 བཅོམ་ལྡན་འདས་ལ་བལ་བར་འཚལ་བའི་སླད་དུ་སྐད་ཀྱིས་མཆིས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་དེ་བཞིན་གཤེགས་པ་ལ
114b5 བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར། ཐམས་ཅད་ཀྱི་ཐོག་མ་ཉིད་དུ་དེ་བཞིན་གཤེགས་པའི་ཕོ་བྲང་གི་སྒོར་འདུག་པ་བདེན་ནམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུ
114b6 གྱུར་པས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་པདེ་བ་གཤེགས་པ་དེ་ལྟ་ལགས་ཏེ་པད་དེ་ཞིག་ཤེགས་པ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བའི་སྲད་ཐམས་ཅད་ཀྱི་ཐོག་མ་ཉིད་རང་གི་གནས་ནས་བྱུང་སྟེ། དེ
114b7 བཞིན་གཤེགས་པའི་ཕོ་བྲང་ག་ལ་བདེར་མཆིས་ནས་ཕྱོགས་གཅིག་ཏུ་མཆིས་སོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་བདག་ནི་དེ་བཞིན་གཤེགས་པ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར
114b8 བགྱི་བས་མ་ངོམས་པའི་སླད་དུའོ། ། བཅོམ་ལྡན་འདས་འདི་ལྟར་བདག་དེ་བཞིན་གཤེགས་པ་ལ་བརྟབ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བའི་སླད་དུ་མཆིས་པ་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི
iiif viewer powered by OpenSeadragon
114a - 115a