| | e-texts navigator
|
48b1 གི་ཆོ་ག་རྒྱས་པ་ཆེན་པོ་གསང་བ་དང་བཅས། གསང་ཆེན་དང་བཅས་པ་བདག་གིས་བཤད་ལགས་ཀྱིས། བཅོམ་ལྡན་འདས་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་མཆིས་ལ་སེམས་ཅན་རྣམས་གདུལ་བར་འཚལ།།
48b2 དེསྐད་ཅེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་བས་བ་པའི་དག་པོ་ལགན་རྡོརྫོལ་འདི་ན་། ཡུལ་ཏོ།། ལགན་གང་ཁྱོད་ཀྱིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་འདི་བཤད་པ་ནི་ཁྱོད་གཏུམ་པ་ཡིན། བསྟེན་པར་བཀའ་བ
48b3 ཡིན། ། ཤིན་ཏུ་ཐུབ་པར་དཀའ་བ་ཡིན། འཕགས་པའི་ཚུལ་མེད་པ་ཡིན་ཏེ། ལག་ན་རྡོ་རྗེ་ཁྱོད་ཀྱིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་བཤད་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་གསང་བ་མེད་པར
48b4 ལས་མི་བྱེད་དོ། ། ལག་ན་རྡོ་རྗེ་ད་བས་ན་རྡོ་རྗེའི་རིགས་འདི་དང་། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་འདི་བདེ་བླག་ཏུ་འགྲུབ་པར་བྱ་བའི་ཕྱིར་ཁྱོད་ཀྱི་མིང་བརྒྱད་པོ་གསང་བ་གསང་སྔགས་ཀྱི་འཁོར་དང་བཅས
48b5 པ་གང་ཐོས་ན་མཚམས་མེད་པ་ལྔ་བྱེད་པ་ཡང་སྡིག་པ་འབྱང་བར་འགྱུར་བ་དང་། ལག་ན་རྡོ་རྗེ་ཁྱོད་ཀྱང་མཐོང་བར་འགྱུར་བ་དང་། བགེགས་དང་ལོག་འདྲེན་ཐམས་ཅད་ཀྱང་འབྱེད་པར་འགྱུར་བ་དང་། ལོག
48b6 འདྲེན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་རྣམས་ཀྱང་ཕྱོགས་བཅུར་འབྱེར་བར་འགྱུར་བ་དང་། གང་ཐོས་ན་ཚངས་པར་མ་སྤྱད་པ་ཡང་ཚངས་པར་སྤྱད་པར་འགྱུར་བ་དང་། ཐུབ་པར་མ་བྱས་པ
48b7 ཡང་ཐུབ་པར་བྱས་པར་འགྱུར་བ་དང་། བསྐུར་བ་མ་བྱས་པ་ཡང་བསྐུར་བ་བྱས་པར་འགྱུར་བ་དང་། དགེ་སྦྱོང་མ་ཡིན་པ་ཡང་དགེ་སྦྱོང་གི་འབྲས་བུ་དང་ལྡན་པར་འགྱུར་བ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ
48b8 ཐམས་ཅད་ཀྱང་དེ་ལ་སྲུང་བར་མཛད་པ་དང་། ལས་ཀྱི་དངོས་གྲུབ་ཀྱང་སྩོལ་བར་འགྱུར་བ་བཤད་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་བཏུགས་ནས། བཅོམ
iiif viewer powered by OpenSeadragon
48a - 49a