e-texts navigator
Collection
Volume
Page
Wylie

45b1 སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི
45b2 ཁམས་ནས་འདྲས་པ་དེ་དག་ཐམས་ཅད་དང་། ལྷ་དང་ཀླུ་དང་གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་མི་འམ་ཅི་དང་། ལྷོ་འཕྱེ་ཆེན་པོ་དང་མི་དང་མི་མང་ཡིན་པ་དེ་དག་ཐམས
45b3 ཅད་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལག་ན་རྡོ་རྗེ་ཡིད་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་སྟོབས་པོ་ཆེ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།།
45b4 རྒྱ་གར་སྐད་དུ། ཨཱརྱ་ནཱི་ལཱམྦ་ར་དྷ་བཛྲ་པཱ་ཎི་ཀ་ལ་བ་ནཱ་མ་དྷཱ་རཎྜེ། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།།
45b5 གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་སངས་རྒྱས་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱིས་རྗེས་སུ་གནང་བ། མཆེ་བ་གཙིགས་པ་དང་འཚམ་པ། མིག་མེ་མདག་གི་ཕུང་པོ་འདྲ་བ། དབུགས་མེ་ལྕེ་ལྔར
45b6 འབར་བ། འཇིགས་པའི་ང་རོ་ཅན། ལག་པ་དང་རྐང་པ་ཀླུ་ནོར་རྒྱས་ཀྱི་བུས་བརྒྱན་པ། ཀླུ་ནག་པོ་སེ་རལ་ཁར་ཐོགས་པ། ཀླུ་དགའ་བོ་དང་ཉེ་དགའ་བོ་འབར་ལས་རྣ་ཆ་བྱས་པ། སྤྲུལ་འབར་བ་རིན་པོ་ཆེའི་གན
45b7 བན་ཐོགས་པ། སྦྲུལ་གདུག་པ་འབར་བ་ཟ་བ། གཞིན་རྒྱས་པ། སྤྲིན་མ་དང་དཔྲལ་བ་བསྡུས་པ། ཡ་སོས་མ་མཆུ་མནན་པ། གཤིན་རྗེའི་ཆ་བྱད་ཅན། ལྕེ་གློག་ལྟར་འགྱུབ། གསུས་པོ་ཆེ་ཐུལ་ཟབ། ལག
45b8 པབརྣབས་པའི་མས་འགས་པར་བྱེད་པ། ཀྭའི་རྒྱལ་པ་འད་བ་བཟངས་རགས་སུ་བཅིངས་བཾ། ཨ་པ་ལ་ནས་སྔགས་པར་བྱེད་པ། རྒྱ་མཚོའི་རབས་སུ་དཔག་ཚད་བརྒྱད་ཀྲི་ཡོ་དེ་པས་དང་པའི་བུམ་པར་བྱིན་པ།




iiif viewer powered by OpenSeadragon

45a - 46a

Texts on this page

Q572 - 'phags pa stobs po che zhes bya ba theg pa chen po'i mdo
Q573 - 'phags pa lag na rdo rje gos sngon po can gyi cho ga zhes bya ba'i gzungs