e-texts navigator
Collection
Volume
Page
Wylie

45a1 འདི་འཆང་བ་དང་ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པས་བསོད་ནམས་ཀྱི་ཕུང་བ་ཅ་ཞིག་ཐོབ་པར་འགྱུར།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རིགས
45a2 ཀྱི་བུ་སུ་མདོ་སྡེ་འདི་འཆང་བ་དང་། ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེས་ནི་ཏིང་ངེ་འཛིན་བྱེ་བ་ཐོབ་པར་འགྱུར་རོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་འཁོར
45a3 དང་བཅས་པ་བྱེ་བ་མཐོང་བར་འགྱུར་རོ། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་མཐོང་ནས་བསམ་པ་རྒྱ་ཆེན་པོས་སྟི་སྟང་བྱེད
45a4 པར་འགྱུར་རོ། ། བླ་མར་བྱེད་པར་འགྱུར་རོ།། རིམ་གྲོར་བྱེད་པར་འགྱུར་རོ།། མཆོད་པ་བྱེད་པར་འགྱུར་རོ།། ཆོས་གོས་དང་གསོད་སྙོམས་དང་། མལ་ཆ་དང་ན་པའི་གསོས་སྨན་དང་། ཡོ་བྱད་རྣམས
45a5 ཀྱང་འབུལ་ལོ། ། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་བདེ་བར་སྦྱར་བ་སྒྲུབ་བོ།། དགེ་འདུན་གྱི་ཚོགས་ལ་ཡང་རིམ་གྲོ་བྱེད་པར་འགྱུར་རོ།། དགེ་བའི་རྩ་བ་དེ་དག་ཀྱང་བླ་ན་མེད་པ་ཡང་དག
45a6 པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་དོ། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཡང་བསྙེན་བཀུར་བྱེད་པར་འགྱུར་རོ།། དེ་དག་གི་ཆོས
45a7 བསྟན་པ་ལ་ཡང་སྟི་སྟང་དུ་བྱས་ཏེ་ཉན་ཏོ། ། ལེན་ཏོ།། འཛིན་ཏོ།། ཀློག་གོ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ཇི་ལྟ་བ་དང་མཚུངས་པར་སྟོབས་ཀྱིས་ཕ་རོལ་གནོན་པར་འགྱུར་རོ།། སྟོབས་པོ་ཆེ་ཕ་རོལ་གནོན
45a8 བཁྲོ་བོ་དེའི་མཐུས་བདག་དང་། སེམས་ཅན་ཐམས་ཅད་སྭ་སྟི། སྭསྟི། སིད་དྷི། སིད་དྷི་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཕགས་པ་བྱམས་པ་དང་། འཇམ་དཔལ་དང་འཕགས་པ




iiif viewer powered by OpenSeadragon

44b - 45b

Texts on this page

Q572 - 'phags pa stobs po che zhes bya ba theg pa chen po'i mdo