e-texts navigator
Collection
Volume
Page
Wylie

44a1 ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ།། དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ།། མཚན་ཉིད་འདི་ཉིད་ཤེས་པ་ནི་བྱང་ཆུབ
44a2 སེམས་དཔའ་ཞེས་བྱའོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་སྟེ་འདི
44a3 སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་མདོ་སྡེ་འདི་མཚན་ཉིད་གང་གིས་ན་ཇི་ལྟར་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བགྱི་བ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཕགས་པ་སྤྱན་རས་གཟིགས་དཔང་།
44a4 ཕྱུག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པའི་ལས་རྣམས་མདོ་སྡེ་འདིས་བྱེད་པར་འགྱུར་ཏེ། མཚན་ཉིད་དེས་ན་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱའོ།། མདོ་སྡེ་འདི
44a5 ཡོངས་སུ་ནུབ་པའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པའི་བསྟན་པ་ཡོངས་སུ་ནུབ་པར་ཤུར་། ། མཚན་ཉིད་དེས་ན་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱའོ།། མདོ་སྡེ་འདི་འཚོ་ཞིང་སྡོད་ན་དེ་བཞིན་གཤེགས་པའི་སན་པ
44a6 ཡང་འཚེ་ཞིང་སྡོད་དེ། མཚན་ཉིད་དེས་ན་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་མདོ་སྡེ་འདི་ལ་ཕྱག་འཚལ་ཏེ། མཚན་ཉིད་དེས་ན་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས
44a7 བྱའོ། ། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ལ་རྗེས་སུ་ཡི་རང་ནས་བཀའ་ལུང་བཞིན་དུ་བགྱི་ཞིང་སུ་མདོ་སྡེ་འདི་འཆང་བའི་གན་དུ་མཆིའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས
44a8 ཀྱིས་བཀའ་སྩལ་པ། མདོ་སྡེ་འདི་ཉིད་ཀྱི་མཐུས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ལྷ་ཐམས་ཅད་ཀྱང་འོ།། ལྷ་ཐམས་ཅད་ཀྱིས་ཀྱང་འདི་སྐད་ཅེས་གསོལ་ཏོ།། ལེགས་སོ་ལེགས་སོ།། བདག་ཅག




iiif viewer powered by OpenSeadragon

43b - 44b

Texts on this page

Q572 - 'phags pa stobs po che zhes bya ba theg pa chen po'i mdo