e-texts navigator
Collection
Volume
Page
Wylie

42b1 འདི་འཆང་བ་དེ་ལ་སྡང་བའི་སེམས་ཅན་རྣམས་ཆུ་འགྲམ་གྱི་ཤིང་ལ་བུར་མ་དྲང་བར་འགྱུར་རོ། ། སྤོས་དང་། མེ་ཏོག་དང་། བདུག་པ་དང་། རྒྱལ་མཚན་དང་། བདན་སྣ་ཚོགས་ལ་སོགས་པས་མཆོད་པ་བྱས་ན།
42b2 བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ།། དེ་ལ་བར་ཆད་འབྱུང་བར་མི་འགྱུར་རོ།། མདོ་སྡེ་འདི་གནས་གང་ཡང་རུང་བ་ན་འཆང་ན་ལྷ་དང་། མིར་བཅས་པས་མཆོད་པ་བྱེད་པར་འགྱུར་རོ།། རིག་སྔགས
42b3 ཀྱི་རྒྱལ་པོ་སྟོབས་པོ་ཆེ་བགེགས་དང་ལོག་འདྲེན་ཐམས་ཅད་འཆིང་བ་ཡིད་ལ་བྱེད་ན་སངས་རྒྱས་བརྒྱད་སྟོང་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་དྲང་སོང་ཆེན་པོ་རྣམས་དང་། ལྷ་དང་ཀླུ་དང་། དྲི་ཟར་བཅས
42b4 པ་རྣམས་དགྱེས་དགའོ། ། སྟོབས་པོ་ཆེའི་གཟུངས་སྔགས་འདི་ལ་དགྱེས་པའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་འདི་སྐད་ཅེས་པཀའགྱུར་ཏོགས་བ་པའི་བདག་པོ་ལག་ན་རྡོ་རྗེ་སུ་མདོ་སྡེ་འདི་ལ་གུས་པར་མི་བྱེད་པ་དེ
42b5 དག་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དག་ཏུ་སྐྱེ་བར་འགྱུར་རོ། ། གས་བ་པའི་འདག་པོ་ལག་ན་རྡོ་རྗེ་སུ་མདོ་སྡེ་འདི་ལ་གུས་པར་བྱེད་པ་དང་། རིམ་གྲོར་བྱེད་པ་དང་། མཆོད་པ་བྱེད་པ་དེ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ
42b6 མེད་པ་དང་ལྡན་པར་འགྱུར་རོ། ། ཡི་གེ་འབྲིའམ། ཚིག་མཉནན་ཕྱིར་མི་ལྡོག་པའི་བྱང་ཆུབ་ཀྱི་ལམ་འཐོབ་པར་འགྱུར་རོ།། ལག་ན་རྡོ་རྗེས་གསོལ་པ། ཐུབ་པའི་ཆོས་བསམ་གྱིས་མི་ཁྱབ་པ། ཤིན་དུ་ཟབ་པ། བསམ་གྱིས་མེ
42b7 ཁྱབ་པ་ལ་སེམས་ཅན་རྣམས་ཀྱི་ནང་ནས་གང་ལོག་པར་སེམས་དཔའ་དེ་མྱོས་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་དག་པོ་ལགན་རྡོ་རྗེ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་མདོ་སྡེ་འདི་ཤ
42b8 པར་བྱའོ། ། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་བསལ་བ་དང་། ཞི་བར་བྱ་བ་དང་རྒྱས་པར་བྱ་བ་དང་། དབང་བསྐུར་བ་དང་། བཀྲ་མི་ཤེས་པ་ཐམས་ཅད་ལས་ཐར་བར་བྱ་བ་དང་། དཔལ་གྱིས་བྱིན་གྱིས་བརླབ་པར་བྱ་བ་དང་། སྡི




iiif viewer powered by OpenSeadragon

42a - 43a

Texts on this page

Q572 - 'phags pa stobs po che zhes bya ba theg pa chen po'i mdo