| | e-texts navigator
|
268b1 ཆེ་བ། ། དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས།། བཟང་པོ་སྤྱོད་ལ་དང་པའི་སྟོབས་དག་གིས།། རྒྱལ་བཀུན་ལ་ཕྱག་འཚལ་མཆོད་པར་བགྱི།། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ན།། ལུས་དང་ངག
268b2 དང་དེ་བཞིན་ཡིད་ཀྱིས་ཀྱང་། ། སྡིག་པ་བདག་གིས་བགྱིས་པོ་ཅི་མཆིས་པ།། དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས།། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས།། རང་རྒྱལ་རྣམས་དང
268b3 སློབ་དང་མི་སློབ་དང་། ། འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་།། དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་།། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག། བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས
268b4 བརྙེས། ། མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ།། འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ།། མྱ་ངན་འདས་སྟོན་གང་བཞེད་དེ་དག་ལ།། འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར།། བསྐལ་པ་ཞིང་གི་རྡུལ
268b5 སྙེད་བཞུགས་པར་ཡང་། ། བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི།། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡིས།། དགེ་བ་ཅུང་ཟད་བདག་གིས་ཅི
268b6 བསགས་པ། ། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ།། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི།། འཇིག་རྟེན་དག་ན་གང་བཞུགས་མཆོད་པར་གྱུར།། གང་ཡང་མ་བྱོན་དེ་དག་རབ་མྱུར་བར།།
268b7 བསམ་རྫོགས་བྱང་ཆུབ་རིམ་པར་སངས་རྒྱས་སྤྱོན།། ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ།། དེ་དག་རྒྱ་ཆེར་ཡོངས་སུ་དག་པར་གྱུར།། བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང་།། སངས
268b8 རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག། ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ།། དེ་དག་རྟག་ཏུ་ནད་མེད་བདེ་བར་གྱུར།། འགྲོ་བ་ཀུན་གྱི་ཆོས་ཀྱི་ས་དོན་རྣམས་ནི།། འཐུན་པར་གྱུར་ཅིང་རེ་བའང
iiif viewer powered by OpenSeadragon
268a - 269a