e-texts navigator
Collection
Volume
Page
Wylie

265b1 འགྱུར།། དཔའ་བོ་ཆེན་པོ་གང་སྐྱེས་པས།། ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་།། དོན་གྲུབ་ཚོགས་ཀྱང་གྲུབ་པ་དེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། གང་ཞིག་སྐྱེས་པས་ས་རྣམས་ནི།། ནགས་ཚལ
265b2 བཅས་པར་རབ་གཡོས་ཤིང་། ། སེམས་ཅན་ཐམས་ཅད་རབ་དགའདེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། བྱང་ཆུབ་སྙིང་པོར་གང་ཞིག་གིས།། ས་དག་རྣམ་དྲུག་གཡོས་གྱུར་ཅིང་།། བདུད་ཡིད་མི་བདེར
265b3 གྱུར་པ་དེ། ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། ཆོས་ཀྱི་འཁོར་ལོ་བསྐོར་བ་ན།། འཕགས་པའི་བདེན་པ་རྣམ་གསུང་བ།། ཐུབ་པའི་སྙན་པ་གང་བྱུང་དེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། ཡིད་འཕྲོག
265b4 གང་གིས་མུ་སྟེགས་བྱེད། ། ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་།། ཚོགས་ཀུན་དབང་དུ་མཛད་པ་དེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད།། བརྒྱ་བྱིན་བཅས
265b5 བདེ་ལེགས་མཛད། འབྱུང་པོ་ཀུན་གྱི་བདེ་ལེགས་ནི།། ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག། སངས་རྒྱས་བསོད་ནམས་མཐུ་དག་དང་།། ལྷ་རྣམས་ཀྱིས་ནི་བསམས་པ་ཡི།། ཁྱེད་ཀྱི་དོན་འདོད་གང་ཡིན་པ།། དོན་དེ་དེ།
265b6 རིང་གྲུབ་གྱུར་ཅིག། རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག། རྐང་བཞི་ཁྱེད་ཅག་བདེ་ལེགས་གྱུར།། ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག། ཕྱིར་ལྡོ་བ་དག་ཀྱང་བདེ་གྱུར་ཅིག། ཉིན་མོ་བདེ་ལེགས
265b7 མཚན་བདེ་ལེགས། ། ཉི་མའི་གུང་ལ་བདེ་ལེགས་ཤིང་།། ཁྱེད་ཅག་ཀུན་ཏུ་བདེ་ལེགས་ཤོག། ཁྱེད་ཅག་སྡིག་པར་མ་གྱུར་ཅིག། སངས་རྒྱས་ལྷ་རྣམས་སྟོང་དག་གིས།། ཡོངས་སུ་བསྐོར་ཏེ་གཤེགས
265b8 མཛད་ཀྱིས། ། སྡང་སེམས་ལྡན་པ་རྣམས་བྱེར་ཅིག། སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད།། སངས་རྒྱས་རང་སངས་རྒྱས་རྣམས་དང་།། དགྲ་བཅོམ་སློབ་པའི་བདེན་ཚིག་གིས།། འཇིག་རྟེན་མི་ཕན་བྱེད་པ




iiif viewer powered by OpenSeadragon

265a - 266a

Texts on this page

Q714 - 'phags pa yangs pa'i grong khyer du 'jug pa'i mdo chen po