| | e-texts navigator
|
265a1 ག་ན། ། ག་།། ཀཿ། ཀ་ཀརཱ།། ག་པཱ། ག་པྲཱ་གར།། ག་མ། ཀརྨྨ།། ག་། །། ག་མ།། ཀ8། མ་། ར་ཟཿ། ར
265a2 རི་པྲ་རི་པུ་རི་བྲ་རི། ན་ཐཱ། ན་ནཱ་དྡ། རི་བྷུ་རི་བྷུ། ན་ཐཱརྠ། ནིར་གང་ཚ་ཏ། རི་བུ་རི་པྲ། ནིར་གང་ཚ་ཏ། བ་ལ་ཡཱ་ཏྲ། རི་བུ་རི་བུ། བ་ལ་ཡ་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན། སེམས་ཅན་ཐམས་ཅད་ལ་པ་ན
265a3 པར་ལྷག་པར་དགོངས་པ་དང་ལྡན་པ་བྱམས་པ་ལ་གནས་པ། ཐུགས་རྗེ་དང་ལྡན་པ། དགའ་བ་ལ་གནས་པ། བཏང་སྙོམས་ལ་གནས་པ་གཤེགས་ཀྱིས་ཀྵི་ཕྲན་ནིར་གང་ཚ་ཏ་སྭཱ་ཧཱ།། སངས་རྒྱས་ཀྱི་ཡེ་ཤེས
265a4 ཀྱི་མཆོག་དང་། ཆོས་ཉིད་ཀྱིས་ལྷ་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་ལ་བཀའ་སྩལ་པའི་གསང་སྔགས་གཞི་འདི་དག་ནི་གྲུབ་པའོ།། ཚིགས་སུ་བཅད་པ་འདི་དག་ནི་གྲུབ་པའོ།། གང་ལ་སེར་སྣ་རྣམ་ཆགས་པ།། རྣམ
265a5 འཇོམས་དྲི་མ་མེད་མཛད་ཅིང་། ། ཐུགས་ཞི་གནོད་པ་མི་མངའ་དེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། འདྲེན་པ་གང་ཞིག་འགྲོ་བ་རྣམས།། ཐར་པའི་ལམ་དུ་འཛུད་མཛད་ཅིང་།། ཆོས་རྣམས་ཐམས་ཅད་སྟོན
265a6 པ་དེ། ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། སྟོན་པ་རྒྱུག་པ་རྣམས་ཀྱི་རྟེན།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། གང་གིས་བདེ་བ་མངའ་མཛད་དེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། སྐྱོབ་པ
265a7 གང་ཞིག་བྱམས་པ་ཡི། ། ཐུགས་ཀྱིས་འགྲོ་བ་འདི་དག་ཀུན།། བུ་གཅིག་བཞིན་དུ་རྟག་བསྐྱངས་ཏེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། གང་ཞིག་འཁོར་བར་འཁོར་བ་ཡི།། སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་།།
265a8 གླི་དང་དཔུང་གཉེན་གྱུར་པ་དེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། གང་ཞིག་ཆོས་ཀུན་མངོན་སུམ་གྱུར།། གཙང་ཞིང་སླུ་བ་མི་མངའ་ལ།། གསུང་གཙང་གཙང་མར་མཛད་པ་དེ།། ཁྱེད་ལ་བདེ་ལེགས་མཛད་པར།།
iiif viewer powered by OpenSeadragon
264b - 265b