e-texts navigator
Collection
Volume
Page
Wylie

264a1 སློབ་པའི་བདེན་ཚིག་གིས། ། འཇིག་རྟེན་མི་ཕན་བྱེད་པ་རྣམས།། གྲོང་ཁྱེར་འདིར་ནི་སྟོངས་གྱུར་ཅིག། སེམས་ཅན་ཀུན་དང་སྲོག་ཆགས་ཀུན།། འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན།། བདེ་བ་འབའ་ཤིག།
264a2 ལྡན་གྱུར་ཅིག། ཐམས་ཅད་ནད་རྣམས་མེད་པར་ཤོག། ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག། གང་ཡང་སྡིག་པར་མ་གྱུར་ཅིག། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཅིང་།། ས་དང་བར་སྣང་དག་ལ།
264a3 གནས་པ་རྣམས།། སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག། ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག། དེ་སྐད་ཅེས་བཀའ་ཐུལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་དེ་ལྟར་བགྱིའོ་ཞེས
264a4 གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་ཡངས་པའི་གྲོང་ཁྱེར་དུ་སོང་སྟེ། སྒོའི་ཐེམ་པ་ལ་རྐང་པ་བཞག་ནས་གསང་སྔགས་གཞི་འདི་དག་དང་། ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲས་སོ།། བི་ས་ར་ཏ།
264a5 ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ།། སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ། རང་སངས་རྒྱས་ཐམས་ཅད་ཀྱིས་བསམས་པ། དགྲ་བཅོམ་པ
264a6 ཐམས་ཅད་ཀྱིས་བསམས་པ། སློབ་པ་ཐམས་ཅད་ཀྱིས་བསམས་པ། ཉན་ཐོས་ཐམས་ཅད་ཀྱིས་བསམས་པ། བདེན་པའི་ཚིག་དང་ལྡན་པ་ཐམས་ཅད་ཀྱིས་བསམས་པ། ཆོས་ཐམས་ཅད་ཀྱིས་བསམས་པ།
264a7 ཚངས་པས་བསམས་པ། ཚངས་པ་སོ་སོས་བསམས་པ། འདོད་པའི་དབང་ཕྱུག་གིས་བསམ་ག་བང་པོར་བསམས་པག་བསམས་པཞམ་ཡིན་གྱི་དབང་པོས་བསམས་པ། ལྷ་མ་ཡིན་ཐམས་ཅད་ཀྱིས་བསམས་པ།
264a8 ལྷ་མ་ཡིན་གྱི་མདག་གཞུག་པས་བསམས་པ། བབྱུང་པོ་ཐམས་ཅད་ཀྱིས་བསེམས་པ། བིས་ར་ཏ། ཁི་ས་རཏ། བི་ས་ར་ཏ། བིས་པ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ།།




iiif viewer powered by OpenSeadragon

263b - 264b

Texts on this page

Q714 - 'phags pa yangs pa'i grong khyer du 'jug pa'i mdo chen po