e-texts navigator
Collection
Volume
Page
Wylie

263b1 གཙང་མར་མཛད་པ་དེ། ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། དཔའ་བོ་ཆེན་པོ་གང་སྐྱེས་པས།། ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་།། དོན་གྲུབ་ཚོགས་ཀྱང་འགྲུབ་པ་དེ།། ཁྱེད་ལ་བདེ་ལེགས་མཛད་བང
263b2 འགྱུར། ། གང་ཞིག་སྐྱེས་པས་ས་རྣམས་ནི།། ནགས་ཚལ་བཅས་པར་རབ་གཡོས་ཤིང་། སེམས་ཅན་ཐམས་ཅད་རབ་དགའ་དེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། བྱང་ཆུབ་སྙིང་པོར་གང་ཞིག་གིས།
263b3 ས་དག་རྣམ་དྲུག་གཡོས་གྱུར་ཅིང་།། བདུད་ཡིད་མི་བདེར་གྱུར་པ་དེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། ཆོས་ཀྱི་འཁོར་ལོ་བསྐོར་བ་ན།། འཕགས་པའི་བདེན་པ་རྣམ་གསུང་བ།། ཐུབ་པའི་སྙན་པ་གང
263b4 བྱུང་དེ། ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། ཡིད་འཕྲོག་གང་གིས་མུ་སྟེགས་བྱེད།། ཐམས་ཅད་ཆོས་ཀྱིས་ཕ་མ་མཛད་ཅིང་།། ཚོགས་ཀུན་དབང་དུ་མཛད་པདེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།།
263b5 སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད།། བརྒྱ་བྱིན་ལྷ་བཅས་པདེ་ལེགས་དང་།། འབྱུང་པོ་ཀུན་གྱི་བདེ་ལེགས་ནི།། ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག། སངས་རྒྱས་བསོད་ནམས་མཐུ་དག་དང་།། ལྷ་རྣམས་ཀྱིས་ནི
263b6 བསམས་པ་ཡིས། ། བྱེད་རྣམས་དོན་འདོད་གང་ཡིན་པ།། དོན་དེ་དེ་རིང་གྲུབ་གྱུར་ཅིག། རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག། རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག། ཁྱེད་ཅག་ལམ་འགྲོ་བ་དེ་ལེགས་ཤོག།
263b7 ཕྱིར་འོད་དག་ཀྱང་བདེ་ལེགས་ཤོག། ཉིན་མོ་བདེ་ལེགས་མཚན་བདེ་ལེགས།། ཉི་མི་གུང་ལའང་བདེ་ལེགས་ཤོག། ཁྱེད་ཅག་ཀུན་ཏུ་བདེ་ལེགས་ཤོག། ཁྱེད་ཅག་སྡིག་པར་མ་གྱུར་ཅིག། སངས་རྒྱས་ལྷ
263b8 རྣམས་སྟོང་དག་གིས། ། ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱིས།། སྡང་སེམས་ལྡན་པ་རྣམས་བྱེད་ཅིག། སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད།། སངས་རྒྱས་རང་སངས་རྒྱས་རྣམས་དང་།། དགྲ་བཅོམ




iiif viewer powered by OpenSeadragon

263a - 264a

Texts on this page

Q714 - 'phags pa yangs pa'i grong khyer du 'jug pa'i mdo chen po