| | e-texts navigator
|
263a1 ཀད་ཀ་ཙ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རོ་ཏཱ་ཏི། ཀུ་རི། ཤོ་ཀང་ཀ་ར། ཀད་ཀ་རི་ཤེ།
263a2 རཾ་རི་རི་རི་རི་རི། ཏི་རེ་ཏེ་པྲས?། རི་པུ་རི་ཕུ། རཾ་བུར་ཕུ། རཾ་ཕུ། རི་པྲ། རི་པུ། ནཱཐཱ་ནཱ་ནཱ་ཐཱ་ཐ། རི་བུ་རི་བ་ནཱ་ཐཱ་ཐ། ནིར་གང་ཆ་ཏ། རི་བྲ་རི་བུ། ནིར་གད་ཆཏ། བ་ཡཱ་ཐ། རི་བཱ་རི་པཱུ། པ་ལཱ་ཡ་ཏ། སངས་རྒྱས་འཇིག་རྟེན
263a3 ལཐུགས་བརྩེ་བ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་ལྷག་པར་དགོངས་པ་དང་ལྡན་པ། བྱམས་པ་ལ་གནས་པ། ཟུགས་རྗེ་དང་ལྡན་པ། དགའ་བ་ལ་གནས་པ། བཏིང་སྙོམས་ལ་གནས་པ། གཤེགས་ཀྱིས་ཊཱི
263a4 བྲན་ནིར་གང་ཚ་ཏ་སྭཱ་ཧཱ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མཆོག་དང་། ཆོས་ཉིད་ཀྱི་ལྷ་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་ལ་བཀའ་སྩལ་པའི་གསང་སྔགས་གཞི་འདི་དག་ནི་འགྲུབ་པའོ།། ཚིགས་སུ་བཅད་པ་འདི
263a5 དག་ནི་གྲུབ་པའོ། ། གང་ལ་སེར་སྣ་རྣམ་ཆགས་པ།། རྣམ་འཇོམ་དྲི་མ་མེད་མཛད་ཅིང་ཐུགས་ཞི་གནོད་པ་མི་མངའ་དེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། འདྲེན་པ་གང་ཞིག་འགྲོ་བ་རྣམས།། ཐར་པའི་ལམ་དུ
263a6 འཛུད་མཛད་ཅིང་། ། ཆོས་རྣམས་ཐམས་ཅད་སྟོན་པ་དེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། སྟོན་པ་རྒྱུག་པ་རྣམས་ཀྱི་རྟེན།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། གང་གིས་བདེ་བ་མངའ་མཛད་དེ།། ཁྱེད་ལ
263a7 བདེ་ལེགས་མཛད་པར་འགྱུར། ། སྐྱོབ་པ་གང་ཞིག་བྱམས་པ་ཡི།། ཐུགས་ཀྱིས་འགྲོ་བ་འདི་དག་ཀུན།། བུ་གཅིག་བཞིན་དུ་རྟག་བསྒྱངས་དེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། གང་ཞིག་འཁོར་བ་འཁོར་བ་ཡི།།
263a8 སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་།། གླིང་དང་དབང་གཉེན་གྱུར་པ་དེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། གང་ཞིག་ཆོས་ཀུན་མངོན་སུམ་གྱུར།། གཙང་ཞིང་སྒྲུབ་མི་མངའ་ལ།། གསུང་གཙང
iiif viewer powered by OpenSeadragon
262b - 263b