| | e-texts navigator
|
261b1 བསོད་ནམས་འབར་བར་བསྒྱིངས། ། རིག་པ་མཆོག་གི་དངོས་གྲུབ་སྦྱིན་མཛད་པས།། བློ་མྱུར་ཚིག་འཆང་སྤོབས་པའི་མཆོག་སྩོལ་ཅིག། སེམས་ཅན་ཀུན་ལ་རྟག་ཏུ་ཕན་སེམས་པ།། མི་སླུ་མཆོག་ཁྱོད་རྣམ
261b2 གྲོལ་ས་ལ་བཞུགས། ། ཐུགས་དམ་བརྟན་བཅས་སྐུལ་བ་རྣམས་ལ་ཡང་།། དཔལ་གྱིས་དགོངས་ཤིག་དོན་ཀུན་ཉེ་བར་སྐོངས།། འདི་ལྟར་འཇིག་རྟེན་དག་ན་སྣང་བ་ཀུན།། སྒྲ་འཇོམས་བྱེད་པར་ཚིག་གིས
261b3 དོན་མཚོན་སྟེ། ། ཕན་ཚུན་ཤེས་ཤིང་ཡང་དག་བརྡའ་སྤྱོད་པའང་།། དབྱངས་ཅན་ཁྱོད་ཀྱི་མཐུ་སྟེ་བསམ་མི་ཁྱབ།། གཟུངས་དང་ཆོས་ཀྱི་སྟོབས་ལ་དབང་བརྙེས་པ།། དམ་ཚིག་བདེན་གྲུབ་དྲང་སྲོང་ཤེས་ཉེན
261b4 ཅན། ལུས་སེམས་དག་རྣམས་བྱིན་གྱིས་རློབ་པ་དང་།། ཡིད་འོད་སྨྲས་ཀྱང་འཇིག་རྟེན་ཚིམ་པར་བྱེད།། བྱང་ཆུབ་མཆོག་གི་སྤྱོད་ཕྱིར་སུ་དག་མོས།། བདག་དང་གཞན་དོན་ཕུན་སུམ་ཚོགས་འགྱུར་བའི།།
261b5 ལུས་དང་ངག་ཡིད་རྣམ་དག་ཆོ་ག་འདོད་ལ།། བཅོམ་ལྡན་འདས་མས་ད་ནི་རྟག་ཏུ་དོན་མཆོག་སྩོལ།། བདག་ནི་དཔའ་ཞིང་བྱང་ཆུབ་ལམ་བརྩོན་དང་།། ལྕེ་ཡི་དབང་པོ་དག་ཅིང་ཚིག་བཙུན་ལ།། རིག་པའི་གཏེར
261b6 ལྡན་སྨྲ་ལ་ཐོགས་མེད་དང་། ། བདེ་གཤེགས་སྤོབས་པ་ཉེ་བར་སྒྲུབ་དུ་གསོལ།། རིག་པའི་ཡུམ་གྱི་རང་བཞིན་རྟོག་ལས་དབེན།། སྙན་པའི་རྒྱལ་མཚན་དགའ་བའི་ཤུགས་ཀྱིས་བསྐྱོད།། མཁའ་ལ་སྣ་ཚོགས
261b7 རྣམ་པར་དྲི་འདོད་ལྟར། ། མཚན་ཉིད་རྟོགས་དཀའ་ཡོན་ཏན་གཏོང་མཐའ་མེད།། ན་མོ་བྷ་ག་བ་ཏེ། བྲཧྨ་ནེ། ན་མཿཤྭ་ར། སྭ་ཏེ་དེ་བི་སིད་དྷཱན་ཏུ་མན་ཏྲ་བཱ་ད་ཏ་མ་བྲ་ཧྨ་ནུ་མན་ཏྲ་སྭཱ་ཧཱ།། དཔལ་ལྷ་མོ་སྒྲ
261b8 དབྱངས་ལ་བསྟོད་པ། རྫོགས་སྷོ།། ། རྒྱ་གར་སྐད་དུ། ཨཱརྱ་བཻ་ཤཱ་ལཱི་པྲ་བེ་ཤ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མེད་ཆེན་པོ
iiif viewer powered by OpenSeadragon
261a - 262a