e-texts navigator
Collection
Volume
Page
Wylie

261a1 ལྷ་ཡུལ་དག་ཏུ་གྲགས་པ་ཡིན།། ན་མོ་བཛྲ་པཱ་ཎ་སྱ། ཙ་ལ་ཙི་ལ། བྷིན་དྷ་བྷན་དྷེ། མུན་ཙ་མུན་ཙ་མུན་ཙ་ཧཾ་བ་ལ་ཀན་སྭཱ་ཧཱ།། བཛྲ་པཱ་ཎི་རཱ་ཛྙཱ་བཱ་ཡ་ཏི་སྭཱ་ཧཱ། དེ་བས་མཱ་དན་པཱ་ཡ་ཏ་མཱ་ཏཱ། རྀ་ཥ་ཡས
261a2 མཱད་ཉ་པཱ་ཡ་ཏི་སྭཱ་ཧཱ། ན་མོ་རད་ན་ཏྲ་ཡཱ་ཡ། ཏདྱ་ཐཱ། རུ་རུ་བྷེ་ཏིཥྛ་བད་དྷོ་སི་སྭཱ་ཧཱ། འདོད་པའི་ཁམས་ཀྱི་དབང་ཕྱུག་མ།། བདུད་ཀྱི་ཡུམ་ཆེན་མོ།། ལྷ་མོ་ཆེན་མོ་རེ་མ་ཏིའི་གཟུངས། རྫོགས་སྷོ།།
261a3 དཔལ་ལྷ་མོ་སྒྲ་དབྱངས་ལ་བསྟོད་པ།། ལམ་གང་གིས་ན་སངས་རྒྱས་འབྱུང་བ་དང་།། རྒྱལ་བ་སྲས་བཅས་ཆོས་ཀྱི་བླ་མར་གྱུར།། མཁྱེན་པའི་རིམ་པར་ས་རྣམས་བཀོད་པ་ཡི།། ཤེས་རབ་དཀྱིལ་འཁོར་མངལ
261a4 སྐྱབས་སུ་མཆེ། ། ཕྱག་འཚལ་དཔལ་ལྡན་ལྷ་མོ་དབྱངས་ཅན་ལ།། འཇིག་རྟེན་ཁམས་འདིར་སྨྲ་ལ་དབང་བརྙེས་ཤེས།། དྲང་སྲོང་རིག་གསུམ་རིག་པའི་ཕ་རོལ་གཤེགས།། དེ་ན་སྤྱོད་པའི་རྒྱ་ཆེན་རྣམས་ལས
261a5 བྱུང་། ། སེམས་ཅན་དོན་ཕྱིར་ཕྲིན་ལས་ཆེན་པོའི་ཁུར།། སྤྲོ་བར་དགའ་བ་ཀུན་ཀྱང་ཁྱོད་ཀྱིས་མཛད།། ས་དང་ཕ་རོལ་ཕྱིན་པ་བཅུ་སྤྲད་པས།། དགེ་བའི་ཚོགས་བརྟན་ཡིད་བཞིན་ལུས་སུ་བསྒྱུར།། ཞལ་གྱི་དཀྱིལ
261a6 འཁོར་ཟླ་བ་དྲི་མེད་རྒྱས། ། ཐུགས་རྗེའི་སྤྱན་གསལ་འགྲོ་བའི་མིག་འབྱེད་པ།། དུས་རིང་འཇིག་རྟེན་ཀུན་ལ་བདེ་བར་གཟིགས།། དེ་ལ་ལྷ་དབང་ཚངས་ཚོགས་ཤིན་དུ་འདུད།། བྱམས་ཤིང་བསོད་ནམས་སྙིང་རྗེ
261a7 བསྐྱེད་པའི་མ། ། ལྷ་མོ་མཆོག་སྟེ་འགྲོ་ཀུན་སྐྲོད་པར་དགྱེས།། ཐོར་ཚུགས་རི་བོ་རྩེ་འདྲ་སྤོབས་པ་འཕགས།། ཤེས་རབ་ཟབ་ཅིང་ཤེས་པའི་རྟེན་བྱེད་ཀྱང་།། རིག་པའི་གནས་ལ་མངའ་བརྙེས་ཚིག་གི་བདག
261a8 འཇིག་རྟེན་ན་ཡང་ལྷ་ཡི་ལྷར་གྱུར་ལ། ། སྡུག་བསྔལ་བསལ་བར་རབ་བརྩོན་གཉེན་མཆོག་པས།། མུ་སུ་ཏོག་གེ་བ་རྣམས་ཀུན་ཀྱང་འདུད།། ཡན་ལག་རྣམ་པར་འབྱེས་ཤིང་གསུང་སྙན་པ།། ཡན་ཏན་དྲི་མེད




iiif viewer powered by OpenSeadragon

260b - 261b

Texts on this page

Q712 - lha mo nam gru la bstod pa
Q713 - dpal lha mo sgra dbyangs la bstod pa