e-texts navigator
Collection
Volume
Page
Wylie

260b1 ཁ་ན་ཐེགས་པ་སྔ་ན་མ་བྱུང་ཁྱོད་མཐོང་ན། ། མ་མོ་རྣམས་ཀྱང་སྐྲག་ཅིང་རྟབས་ལ་རྔམ་པ་འཐོན་ཅིང་མིག་རྩ་རིག་རིག་ཁྱོད་ལ་འདུད།། ནག་མོ་བཟང་མོ་ལུས་མདོག་གནག་ཅིང་བཟོང་བར་དཀའ་བ་ཁྱད་ལ་བརྒྱ་བྱིན་ལས།།
260b2 སོགས་ཀྱང་།། ཉིན་ཅིག་བཞིན་དུ་བསྟོད་པར་བྱེད་ཅིང་གཤིན་རྗེ་ཉིད་ཀྱང་འདར་བཞིན་རྟག་ཏུ་འདུད་པར་བྱེད།། མི་རྣམས་དང་ནི་འགྲོ་བ་མ་ལུས་པ་དག་མཇུག་བཏུལ་བས་ནི་རྣ་བ་ཡ་གཅིག་ལ།། བྲང་གིས་འགྲོ
260b3 བའི་མགོ་བོས་གདེངས་ཀ་སྟོང་དང་ལྡན་པ་ཁྱབ་གནས་རྒྱན་དུ་བྱས། ། ཡ་གཅིག་ལ་ནི་སེང་གེ་མཚུངས་མེད་ཐོགས་ཤིང་རྒྱ་མཚོས་བསྐོར་བའི་ས་གཞི་ནོན།། སྟེང་ནས་རྒྱུ་བའི་རྒྱ་ཉི་མའི་འོད་ཟེར་སྟོང་ལྡན
260b4 བྱེད་ཀྱིས་ལྟེ་བའི་ཕྱོགས་སུ་བཞག། རྒྱ་མཚོའི་ཀློང་ནས་མེ་འབར་ཁྱོད།། ཆུ་རྣམས་སྐེམས་པར་ནུས་པ་སྟེ།། བུད་མེད་ཐམས་ཅད་ཞི་མཛད་ཕྱིར།། ལྷ་ཆེན་སྐུ་ཡི་ཕྱེད་དུ་བཞུགས།། རྗོད་དང་དཀའ
260b5 བཟློག་ནག་མོ་ཆེ། ། ལྷ་དང་ལྷ་མིན་ཕྱག་བྱས་པ།། མི་ནད་གང་ཡིན་ཁྱོད་ཀྱིས་ཤེས།། དེ་ལ་འཇིགས་པ་མེད་པར་འགྱུར།། གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ།། འདོད་པའི་ཁམས་ཀྱི་དབང་ཕྱུག་མ།།
260b6 ནད་དེ་ཅོག་གི་བདག་མོ།། ལྷ་མོ་ཆེན་མོ་ལ་བསྟོད་པ་བརྒྱད་པ། བྲམ་ཟེ་མཆོག་སྲེད་ཀྱིས་བྱས་པ། རྫོགས་སྷོ།། །། ལྷ་མོ་ནམ་གྲུ་ལ་བསྟོད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འཕ
260b7 པདཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། ། ལྷ་མོ་ཆེན་མོ་རེ་མ་ཏིལ་ཕྱག་འཚལ་ལོ།། ནམ་གྲུ་དག་གི་ཚེ་འབྲང་དང་།། མཚན་ཉིད་དག་ནི་བཤད་བྱ་ན།། ནོར་བུའི་རང་བཞིན་ཁྱོད་ཀྱི་ལུས།། རྒྱབ་ནི་འཛམ་བུ་ཆུ
260b8 བོའི་གསེར། ། ཁྱོད་ཀྱི་གདོད་ནི་དངུལ་ཡིན་ཏེ།། ལྟོ་བའི་ངོས་ནི་རྡོ་རྗེ་བལྟམ།། མིང་པོ་མཛོད་དང་མཛོད་བདག་པོ།། ཁྱོད་ཀྱི་མ་ནི་ཀུན་འགྲོ་མ།། ཁྱོད་ཀྱི་པ་ནི་རླུང་ཞེས་བྱ།། སྐལ་ལྡན་ཤིང་རྟ་ཁྱོད་ཀྱི་ལུས།།




iiif viewer powered by OpenSeadragon

260a - 261a

Texts on this page

Q711 - nad kyi bdag mo la bstod pa
Q712 - lha mo nam gru la bstod pa