| | e-texts navigator
|
259a1 དཀར་སེར་ལྗང་ནག་དམར་ཡང་སྟོན།། རྣམ་པ་བརྒྱད་ཀྱང་བྱིབས་ཀྱང་འཐུང་། འགྲོ་བ་དྲུག་པོའི་ཚུལ་ཡང་སྟོན།། ཕུང་པོ་ལྔ་ཡང་བརྗོད་པར་ནུས།། དབང་པོ་ཆེ་མ་བྱེད་ཡུལ་ལྔའང་སྟོན།། རྟེན་ཅིང་འབྲེལ
259a2 བའི་སྤྱོད་པ་མཁས། ། ཡུལ་ཅན་རྣམས་ནི་གསོང་ལ་མཁས།། དེ་བཞིན་དག་རྣམས་གསོང་བ་དང་།། ལུས་ཅན་རྣམས་ནི་གསང་ལ་བརྩོན།། སེམས་ནི་གསོང་བ་མེད་ལ་མཁས།། འཁོར་བ་ལས་ནི་རིང་དུ་སོང་།། དེ་བཞིན
259a3 གཤེགས་པས་ལུང་བསྟན་ཏེ། ། བྱང་ཆུབ་སེམས་དཔའི་མཚན་རྣམས་དང་།། འཇིག་རྟེན་སྐྱོང་མཛད་དཔལ་ལྡན་མ།། དམ་ཆོས་འཛིན་པ་རྣམས་ལ་བྱམས།། ཨོཾ་ཨཱཿཧཱུཾ། ཤྲཱི་ད~ཾ་བི་ཀཱ་ལི་ས་མ་ཡ་ཛ།། ཌཱ་ཀཱི་ནཱ~ཾ་ཌཱ་ཡས
259a4 མ་ཡ་སྭཱ་ཧཱ། ། མིང་བརྒྱ་རྩ་བརྒྱད་གང་འཛིན་པ།། ཡོན་ཏན་བརྒྱ་རྩ་བརྒྱད་ཀྱང་ཐོབ།། དམྱལ་བའི་སྡུག་བསྔལ་མྱོང་མི་འགྱུར།། ཡི་དགས་གནས་སུ་མི་སྐྱེ་ཞིང་།། བྱོལ་སོང་སྐྱེབས་ཐོགས་མི་འགྱུར།། ལུས་འ#།
259a5 གནས་སུ་སྐྱེས་པ་ན།། ཐོག་ལ་སོགས་པ་མི་འབབ་ཅིང་།། སྒྲ་མི་སྙན་དུ་རླུང་གིས་མིན།། དེ་བཞིན་པ་ན་གླང་སྤྱོད་དུ་ཡང་།། ཆུ་དང་རླབས་ཀྱིས་ཁྱེར་མི་ནུསོ།། འཛམ་བུའི་གླིང་དྲོ་གང་སྐྱེས་པ།། སྣ་ཚོགས་གནོད་པས
259a6 ཉེན་མ་འགྱུར། ། འདོད་པའི་ལྷ་རྣམས་གནས་སུ་ཡང་།། སྐྱེས་ནས་ཆོས་ལ་དགའ་བར་འགྱུར།། བསམ་གཏན་བཞི་ཡི་སྐྱེ་གནས་སུ།། ཚད་མེད་བཞི་ནི་འཕེལ་བར་འགྱུར།། གཟུགས་མེད་གནས་ནི་བཞི་པོར་ཡང་།།
259a7 དོན་མེད་ན་ནི་མི་སྐྱེ་སྟེ།། འདུ་ཤེས་མེད་པར་ནམ་ཡང་མིནོ།། འཕགས་པ་བཞུགས་པའི་གནས་རྣམས་སུ།། ཁམས་གསུམ་ཚུལ་གྱིས་བདག་དོན་སྤྱོད།། རྟག་ཏུ་ཡུལ་ལ་ཆགས་མི་འགྱུར།། སེམས་ལ་འཛིན་པར
259a8 མི་བྱེད་དེ། ། ཉོན་མོངས་རྩ་བ་དྲུག་པོ་དང་།། དེ་བཞིན་ཉེ་བ་ཉི་ཤུ་དང་།། མཚམས་མེད་ལྔ་ཡང་བྱང་བར་འགྱུར།། བསྐལ་པ་གྲངས་མེད་མང་པོར་ཡང་།། མི་ཁོམ་བརྒྱད་དུ་སྐྱེ་མི་འགྱུར།། མུ་སྟེགས་རྩོད་པ་བཟློག་པ
iiif viewer powered by OpenSeadragon
258b - 259b