e-texts navigator
Collection
Volume
Page
Wylie

251b1 ཐམས་ཅད་དུ་ཡང་ཡི་དམ་དུ་གྱིས་ལ་ཐོད་ཅིག། གཞན་ལ་ཡང་རྒྱ་ཆེར་སྤེལ་ཅིག། དེ་ཅིའི་ཕྱིར་ཞེ་ན། འདིའི་ཕན་ཡོན་ནི་དཔག་ཏུ་མེད་དེ་ཚད་ལས་འདས་སོ།། མདོ་ཙམ་བརྗོད་ན་འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་ཀྱི་མ་ཕྱུག
251b2 པོ་རྣམས་ལ་སྦྱིན་པ་བྱས་པ་བས་དབུལ་པོ་འགའ་ཞིག་ལ་སྦྱིན་པ་བྱས་ན་དེའི་བསོད་ནམས་བརྒྱའི་ཆར་ཡང་མི་ཉེ་སྟེ། དེ་ཅི་སྟེ་ཞེ་ན། ཕྱུག་པོ་རྣམས་ནི་ང་རྒྱལ་ཏེ་དྲེགས་པ་དང་རྒྱགས་པས་གནས་ངན་ལེན་སྤྲོ་བར་བྱེད་དེ།། འཛི།
251b3 རྟེན་གྱི་ཁམས་ཀྱི་དབུལ་པོ་རྣམས་ལ་སྦྱིན་པ་བྱས་པ་བས་ཡི་དགས་འགའ་ཞིག་ལ་སྦྱིན་པ་བྱས་ན་དེའི་བསོད་ནམས་བརྒྱའི་ཆར་ཡང་མི་ཉེའོ།། དེ་ཅི་སྟེ་ཞེ་ན། དབུལ་པོ་རྣམས་ལ་ནི་འབང་དུ་ཡོད། བཙལ་དུ་ཡོད། བསླད
251b4 དུ་ཡོད་དོ། ། ཡི་དགས་ལས་ཀྱིས་དེ་ལྟ་བུ་དག་མ་ཡིན་གྱི། མ་བསྔོས་ན་ཁ་རུ་ཆུད་ཀྱང་དུག་ཆེན་པོར་འགྱུར་རོ།། འཇིག་རྟེན་གྱི་ཁམས་ཀྱི་ཡི་དགས་ལ་སྦྱིན་པ་བྱས་པ་བས་འཇུར་འཤེགས་ཀྱི་ཡི་དགས་གཅིག་ལ་ཆུ་བྱིན
251b5 ན་དེའི་བསོད་ནམས་བརྒྱའི་ཆར་ཡང་མི་ཉེའོ། ། དེ་ཅི་སྟེ་ཞེ་ན། ཡི་དགས་དེ་དག་ལ་ན་དམིགས་པས་ཚིམ་པ་དང་། བཤམས་པས་ཚིམ་པ་དང་། བསྔོས་པས་ཚིམ་པ་དང་། རེག་པས་ཚིམ་པ་དང་། རྗེས་ཀྱིས་ཚིམ་པ་དང་།
251b6 བཤལ་བས་ཚིམ་པ་ཡོད་དེ། ལས་ཀྱི་རིམ་པ་བཞིན་ནོ།། འཇུར་འགེགས་ནི་གཞན་བགག་པས་ལས་ཀྱིས་སྔགས་དང་། ཕྱག་རྒྱ་དང་དམིགས་པ་གཞན་གྱིས་མི་ཐོབ།། རྫས་ཐམས་ཅད་ལ་འཐམས་ཏེ་བཀག་པས་རྫས
251b7 གཞན་མི་མྱོང་། གཞན་གྱི་ཆུ་གཅིག་པུ་མ་བཀག་པས་ཆུ་གཙང་ཙམ་པས་མ་རེག་པ་ལས་དབང་མེད། རང་གི་རྒྱུད་ཞི་བར་བྱེད་པའི་སྔགས་དང་། ཕྱག་རྒྱ་ས་གོལ་གཅིག་མིན་པ་གཞན་གང་གིས་ཀྱང་ཐོབ་པར་མི་ནུས་སོ།།
251b8 སེ་གོལ་གཅིག་ཏུ་གཞག་པ་ཅི་ཞེ་ན་གཉིས་སུ་གྱུར་ན་གཞན་གྱི་སྒྲར་གྱུར་ནས་མི་ཐོབ། དེས་ན་རང་གི་གོ་བ་བསྐྱེད་པ་སྒྲ་གཅིག་ཏུ་ངེས་པའོ།། འདིས་ནི་བར་ཆད་ཀྱིས་མི་ཚུགས་པ་དང་། ནད་མྱུང་བ་དང་། ཚེ་རིང་བ་དང་། ལོངས




iiif viewer powered by OpenSeadragon

251a - 252a

Texts on this page

Q702 - 'jur 'gegs zhes bya ba'i gzungs