| | e-texts navigator
|
251a1 ཆུ་གཅིག་པུ་ལས་རང་གིས་སྦྱིན་ནུས་པ་མ་ཡིན་ཏེ། གཞན་གྱི་ཚུལ་འཇུར་འགེགས་མ་བྱས་པས་ད་ལྟ་ཡང་ཆུ་གཙང་མ་ཙམ་པས་མ་རེག་པ་ལ་སྔགས་ལན་ཅིག་བཏབ་སྟེ། སེ་གོལ་ལན་ཅིག་གཏོགས་ཏེ་བྱིན་ན
251a2 དེའི་རྒྱུང་གྲོལ་ཞིག་འདོད་པ་ཚིམ་པར་འགྱུར་རོ། ། དེ་འདི་ལྟ་སྟེ། ཨོཾ་ཛྭ་ལ་མཱི་དམ་ས་རྦ་པྲེ་ཏི་བྷྱཿསྭཱ་ཧཱ། གསོལ་པ། དེའི་འབྲུ་དོན་བཤད་དུ་གསོལ། བཀའ་སྩལ་པ། ཨོཾ་ནི་ཡེ་ཤེས་ལྔའི་རང་བཞིན་ཉིདེན་དམ་པའོ།། རྡུལ་འདོད་པ་མེ་ལྷ
251a3 འབར་བའོ། ། མི་དམ་ནི་མིའི་རྒྱུད་ཀྱིས་སེར་སྣ་དང་འཇུར་འགྱེགས་བྱས་པའོ།། སརྦ་ནི་དེ་ལྟ་བུའི་ལས་ལས་གྱུར་པ་ཐམས་ཅད་དོ།། པྲེ་ཏི་ནི་ཡི་དགས་ཀྱི་སྙིང་པོ་སྟེ། ལས་ཀྱི་རྒྱུད་སྨིན་པའི་དོན་ཏོ།། བྷྱཿནི་ལས་དང་སྡུག་བསྔལ་བྱང་བར
251a4 བྱ་བའི་དོན་ཏོ། ། སྭཱ་ཧཱ་ནི་ལས་དང་སྡུག་བསྔལ་བཀྲེས་སྐོམ་བྱང་བར་གྱུར་ཅིག་པའོ།། ད་མྱུར་དུ་སོང་ལ་དེ་ལྟར་གསོས་ཅིག་ཅེས་གསུངས་པས། དེ་ནས་གཉིས་ཀྱིས་མྱུར་དུ་ཕྱིན་ནས། དེ་བཞིན་དུ་བགྱིས་པས་བཟོད་དགའ་ནས་ལོང
251a5 སྤྱོད་ཅིང་ལུས་བག་གླན་ནོ། ། དེ་ནས་ཆོས་སྟོན་ལ་བབ་ནས་གཉིས་པོར་མོས་བྱས་ཏེ། ཤཱ་རིའི་བུས་བཤོས་གསོལ་ནས་གཅིག་ཏུ་གསོལ་དུ་སྩལ་ཏོ།། ཆབ་བྱིན་པས་ཡང་གོང་བཞིན་བརྗོད་དེ་བྲོས་སོ།། ཡང་གཉིས་ཀྱིས་ཡིད
251a6 མཆེས་ནས་བཅོམ་ལྡན་འདས་ལ་ཞུ་རུ་མཆིས་སོ། ། བཅོམ་ལྡན་འདས་ལགས། བདག་ཅག་གིས་གསུངས་པ་བཞིན་བགྱིས་ལགས་པས་གསོ་རུ་གཏུབ་པར་བདའ་བ་ལ་ཆོས་སྟོན་ཡོལ་དུ་དོགས་ནས་འཚལ་ནས་ཡང་སྔར
251a7 བཞིན་བརྗོད་ཅིང་བྲོས་ནས་ཡང་ཞུ་རུ་མཆིས་སོ། ། བཀའ་སྩལ་པ། དེ་ནི་ཁྱོད་ཀྱི་སེ་ན་བར་དུ་ཙམ་པ་ལས་བས་ལེན་པ་ཡིན་གྱིས། ལག་པ་ཁྲུས་ལ་བཟོད་བྱིན་ཅིག་དེའི་དྲུང་དུ་འགྲོ་མིང་དགོས་ཏེ་འདི་ཉིད་ཀྱིས་བཏུབ་པོ་ཞེས་གསུངས
251a8 སོ། ། དེ་གཉིས་ཀྱིས་ཁྲུས་བགྱིས་ཏེ།། ཆུ་སྦྱིན་སྩལ་བས་ཡི་དགས་མོ་དེ་ཉིད་དུ་འོངས་ནས་ཅུང་ཟད་ན་མདངས་དང་ལྡན་པར་གྱུར་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་འདི་ལྟ་བུའི་ཆུ་སྦྱིན་འདི་ནི་འདིར་མ་ཟད་དེ་དྲུས
iiif viewer powered by OpenSeadragon
250b - 251b