e-texts navigator
Collection
Volume
Page
Wylie

238a1 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྦྱིན་གྱི་ཕྲེང་བ་ཅན་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས
238a2 སྤྲིན་འཐོར་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ
238a3 ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་འཛིན་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྲུག་སྒ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ
238a4 བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་གྱིས་བྱིན་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྲུག
238a5 སྦརྣམ་པར་སྲོགས་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྦྱིན་གྱི་ཆུབ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ
238a6 དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་སྡུད་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྲུག་ངེས་པར་བསྒྲགས་ལ་ཕྱག
238a7 འཚལ་ལོ། ། སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ།། སེམས་ཅན་ཐམས་ཅད་ལ་བ་ལེགས་སུ་གྱུར་ཅིག། འབྱུང་པོ་ཐམས་ཅད་ལ་བྱམས་པར་གྱུར་ཅིག། དུང་འགྲོར་གྱུར་པ་ཐམས་ཅད་འཇིགས་པ་མེད་པར
238a8 ཀྲུང་ཅིག། ངན་འགྲོ་ཐམས་ཅད་ཞི་བར་གྱུར་ཅིག། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོ།། སངས་རྒྱས་ཐམས་ཅད་ཀྱིས་གཟིགས་པའི་ཚི་ག་འདི




iiif viewer powered by OpenSeadragon

237b - 238b

Texts on this page

Q690 - 'phags pa sprin chen po rlung gi dkyil 'khor gyi le'u klu thams cad kyi snying po zhes bya ba theg pa chen po'i mdo