| | e-texts navigator
|
237b1 རླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཀླག་པར་བྱའོ། ། དེ་ནས་ཀླུ་རྣམས་དང་པོའི་ཉིན་མོ་ནས་བརྩམས་ཏེ། དི་རི་རིང་ས་སྤོགས་པར་བྱེད་ཅིང་། སྒྲ་ཡིད་དུ་འོང་བ་དང་འབྱིན་པར་འགྱུར་ཏེ། ལེའུ་འདི་ལ་ཐེ་ཚོམ་དང་།
237b2 བརྙེས་པར་མི་བྱའོ།། གལ་ཏེ་རྒྱ་མཚོ་དུས་ཚེད་ལས་ཡོལ་ན་འདི་ཡང་ཆར་ལས་ཡོལ་བར་འགྱུར་རོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་གྱི་སྙིང་པོ་བརྩེགས
237b3 པན་རྣམ་པར་བསྒྲགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྔ་སྒྲ་སྒྲོགས་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན
237b4 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་དཔལ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྲུག་སྒྲོགས་ལ
237b5 ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཀུན་ཏུ་སྟོན་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང
237b6 དག་པར་རྫོགས་པའི་སངས་རྒྱས་སྤྲིན་འཇིག་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་རྣམ་པར་རྒྱས་མཛད་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས
237b7 དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་གྱི་ཡན་ལག་མཛེས་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས
237b8 རྒྱས་སྤྲིན་ལྟ་བུའི་ན་བཟའ་བ་ནབས་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་གྱི་འབྲུ་སྐྲན་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན
iiif viewer powered by OpenSeadragon
237a - 238a