e-texts navigator
Collection
Volume
Page
Wylie

237a1 ཀ་ལེ། ཨ་ཀ་ལེ། གརྫི་ཏ། སརྦ་མེ་གྷ་བི་ཀུཪྻ་ནི། སན་ཙད་ནི། སརྦ་ཀྵེ་ཏྲན། ཨ་བུར་ཎི་ཙ་ཀྲེ། ཙཀྲ་བརྟི། ཧི་རི་ཧི་རི་བྷེ་གེ་བྷེ་གེ། སྨ་ར་སྥ་ར། ཀཱ་ལི་ཀཱ་ལི། མ་ཧཱ་ཀ་ལི། ཧྲི་ད་ཡཾ། བྲ་བི་ཤ་ཨ་ད་ཊེ། མད་ཏེ། སརྦ
237a2 ནཱ་ག། ཨ་ཀཪྵ་ནི། བྷུ་ར་ཡ། ཧཱུཾ་ཧཱུཾ། རད་ན་ཏྲ་ཡ། བི་ཀུ་རི་ཏེ། བཛྲི་ནི། བཛྲེ་བཛྲ་པཱ་ཎཾ། ཀ་ལ་ཤོ་དྷི་རེ། ནཱ་ག་རུ་བི་ནི། སུ་རུ་བེ་བྷོ་གི་བྷོ་ག། མ་ཧཱ་བྷོ་གི། བྷོ་ག་རུ། བ་ཏ་ཡ་བ་ལ། བཪྵ་ནི། སརྦ་ནཱ་ག་སན་ཙད་ནི་སྭཱ་ཧཱ། ན་མོར
237a3 ན་ཏྲ་ཡཱ་ཡ། ན་མ་ཤྩ་ཎ་ཌ་བཛྲ་པཱ་ཎ་ཡེ། བྷན་དྷ་བྷན་དྷ། སུ་རུ་བེ། ཀ་ལ་རཱུ་པི་ནི་སྭཱ་ཧཱ། ཆོས་སྨྲ་བས་ཐོག་མ་ཁོ་ནར་བསྲུང་བའི་ཆོ་ག་བྱས་ལ། ཆོས་གོས་ཀྱིས་ཟླ་ར་ལན་བདུན་བཟླས་བརྗོད་བྱས་ཏེ། མདུད་པ་བདུན་པོར་ནས
237a4 རླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་འདི་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་རྒྱུན་མ་ཆད་པར་ཀླག་པར་བྱའོ། ། ཤར་ཕྱོགས་སུ་ནི་བ་ལང་གི་ལྕི་བས་ཀླུའི་རྒྱལ་པོ་མགོ་གསུམ་པ་ཞེས་བྱ་བ་འཁོར་དང
237a5 བཅས་ཏེ་བྲི་བར་བྱའོ། ། ལྷོ་ཕྱོགས་སུ་ནི་ཀླུའི་རྒྱལ་པོ་རབ་ཏུ་རྒྱས་བྱེད་ཅེས་བྱ་བ་མགོ་ལྔ་པ་འཁོར་དང་བཅས་ཏེ་བྲི་བར་བྱའོ།། ནུབ་ཕྱོགས་སུ་ནི་ཀླུའི་རྒྱལ་པོ་སྣང་ལྡན་གཙུག་བུད་ཅན་ཞེས་བྱ་བ་མགོ་བདུན་པ་འཁོར་དང
237a6 བཅས་ཏེ་བྲི་བར་བྱའོ། ། བྱང་ཕྱོགས་སུ་ནི་ཀླུའི་རྒྱལ་པོ་སྤྲིན་སྐུལ་ཞེས་བྱ་བ་མགོ་དགུ་པ་འཁོར་དང་བཅས་ཏེ་བྲི་བར་བྱའོ།། བྲེ་བྲེ་དང་། གོས་སྟོན་པ་དང་། རྒྱལ་མཚན་སྔོན་པོ་དང་། ལྷ་བཤོས་ཐམས་ཅད་ཀྱང་སྔོན་པོར
237a7 བྱའོ། ། ཀླུག་ནད་ལ་དབབ་པ་ནི་མངར་གསུམ་གྱིས་བྱའོ།། མངར་གསུམ་གྱི་དགང་བླུགས་བདུན་ཡང་ཀླུའི་སྙིང་པོས་སྦྱིན་བསྲེག་བྱའོ།། སྤྲིན་གྱི་རྒྱལ་པོ་རྣམས་ཀྱང་བྲེས་ཏེ་ཆར་གྱི་རྒྱུན་འབེབས་ལ་ཕན་ཚུན་ཐུག་ཅིང
237a8 མཐར་གློག་འགྱུར་བར་བྱའོ། ། འདིར་དབབ་པ་ནི་ཁུར་བ་བཀྲ་ཤིས་ལྡན་དང་། བེན་ཙེ་དང་། ཤ་དང་ཉ་ཤ་དང་། སྦྲང་རྩི་ལས་བྱས་པའི་ཟས་མཆོག་རྒྱས་པར་བྱའོ།། དེ་ནས་ཆོས་སྨྲ་བ་གཙང་ཞིང་གོས་གཙང་མ་བགོས་པས




iiif viewer powered by OpenSeadragon

236b - 237b

Texts on this page

Q690 - 'phags pa sprin chen po rlung gi dkyil 'khor gyi le'u klu thams cad kyi snying po zhes bya ba theg pa chen po'i mdo