e-texts navigator
Collection
Volume
Page
Wylie

236b1 སྐར་མའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་ཚུབ་མའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་ཤིན་ཏུ་བརྟན་པའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་སྤྲིན་བརྟན་པས་དགའ་བར་མཛད་པ།
236b2 དང་། དེ་བཞིན་གཤེགས་པ་སྦྱིན་ཆེན་འུརའུར་སྣ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་འཇིགས་པས་འཇིགས་མཛད་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་ཐོག་ཏོག་ཆར་འབེབས་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན
236b3 རྣམ་པར་འཕྲུལ་པའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་བཀྲ་ཤིས་ཀྱི་ཆེད་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱི་ཕྱིར་དེ་བཞིན
236b4 གཤེགས་པ་སྤྲིན་ཆེན་པོའི་སྤྲིན་ཆེན་སྙིང་པོ་ཐམས་ཅད་ལ་ཡང་དག་པར་སྐུལ་ལོ། ། ཀླུ་ཐམས་ཅད་ཀྱི་བདེན་པས་ཀླུ་ཐམས་ཅད་ཀྱི་སྙིང་པོ་ལ་ཡང་དག་སྐུལ་ལོ།། དཀོན་མཆོག་གསུམ་གྱི་བཀའ་ལུང་གིས་མྱུར་དུ་ཤིག།
236b5 ཤིག། ཀྱེ་ཀྱེ་ཀླུ་དང་ཀླུ་ཆེན་པོ་དག་ཚུར་ཤིགི་ཚུར་ཤིག། ཏུ་ལུ་ཧུ་ལུ། སུ་རུ་སུ་རུ། དྷ་བ་དྷ་ག། གྷ་ར་གྷ་ར། བྷུ་རུ་བྷུ་རུ། མ་འཕྱི་བར་སངས་རྒྱས་ཀྱི་བདེན་པས་ཚུར་ཤིག། ཆོས་ཀྱི་བདེན་པས་ཚུར་ཤིག། དགེ་འདུན།
236b6 གི་བདེན་པས་ཚུར་ཤེག། ཀླུ་ཐམས་ཅད་དང་། ཀླུ་ཆེན་པོ་གོང་མགོར་མ་དག་གི་བདེན་པས་འཛམ་བུའི་གླིང་དུ་ཆར་ཕོབ་ཤིག། ཨ་ལ་ལ་ཞེས་གར་བྱེད་ཅིང་། ཨ་ལ་ལ་ཞེས་ཀླུ་ལེན་པ་དང་། ཨ་ལ་ལ་ཞེས་ཀླུའི་རྣམ་པར
236b7 འཕྲུལ་པ་ཆེན་པོ་བྱེད་ཅིང་འདུལ་ཆར་གྱི་རྒྱུན་ཆེན་པོ་འབེབས་ཤིང་། ཀླུ་ཆེན་པོ་རྣམས་ཀྱི་ཆོས་ཀྱི་སྒྲ་ཡིད་དུ་འོང་བའི་སྟོན་པ་དག། གུ་ལུ་གུ་ལུ། ནཱ་གེ་ནཱ་གེ། ཙ་ཊ་ཙ་ཊ། ནཱ་གཱ་རི། ཧ་ཧ་ཧི་ཧི། ནཱ་གེ་ནཱ་གི་ནི་ན་གེ། སརྦ་ནཱ་ག་བིཥྚ
236b8 མ་བྷ་ནི་མ་ར་ནི། སརྦ་ནཱ་ག་བིཥྚ་མ་བྷ་ནི། མར་ནི། མ་རེ་ཏ་ར་ནི། ཏ་ར་ནི། ཏ་རེ་ཏ་རེ་ཏ་ར་ཏ་ར། ཏཱ་རེ། ཀཱ་བི་ལ་ཀེ་ཤི། བི་ཀྲིཏ་དངཥྚི། བྷི་ཡཱ་ནཱ་གེ། ཨ་གད་དྷ། ཨ་ཀད་དྷ། མི་ལི་ལ་མ་བ་ཐ། བིདི་དྷཱད་ཛཱ་རེ། གྷོ་རཱ་རཱུ་བི་ནི།




iiif viewer powered by OpenSeadragon

236a - 237a

Texts on this page

Q690 - 'phags pa sprin chen po rlung gi dkyil 'khor gyi le'u klu thams cad kyi snying po zhes bya ba theg pa chen po'i mdo