e-texts navigator
Collection
Volume
Page
Wylie

235a1 མེ་ཏོག་གི་ཆར་ཆེན་པོ་རབ་ཏུ་འབེབས་པ་རྒྱ་མཚོ་ཆེན་པོའི་སྤྲིན་དག་དང་། རྒྱ་མཚོ་སྤྲིན་ཆེན་པོ་སྒྲ་ཆེར་སྒྲོགས་ཤིང་ལྷའི་རིན་པོ་ཆེ་རབ་ཏུ་འཕྱང་ལ་མུ་ཏིག་གི་ལྔ་ལྡི་རྣམ་པ་སྣ་ཆགས་རབ་ཏུ་འཕྱང
235a2 བ་རྒྱ་མཚོའི་སྤྲིན་དག་དང་། གསེར་སྐུད་ཀྱིས་བརྒྱན་པའི་སྣང་བ་ཆེན་པོ་ཅན་གྱི་རྩེ་མོས་ནས་མཁའ་ཀུན་ཏུ་ཁེབས་པར་བྱེད་པ་རྒྱ་མཚོ་ཆེན་པོའི་སྤྲིན་དག་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བའི་འོད་ཀྱི་དཀྱིལ་འཁོར
235a3 ཀྱིས་ནམ་མཁའ་ཀུན་ཏུ་ཁེབས་པར་བྱེད་པ་ལ་མཁས་པ་རྒྱ་མཚོའི་སྤྲིན་དག་དང་། སྣང་བ་དང་ལྡན་པའི་རྒྱ་མཚོ་ཆེན་པོའི་སྒྲས་ཀུན་དུ་ཁེབས་པའི་རྒྱ་མཚོ་ཆེན་པོའི་སྤྲིན་དག་གིས་ནམ་མཁའ་མངོན་པར་ཁེབས་པར
235a4 གྱིས་ཤིག། ཀླུ་དང་ཀླུའི་རྒྱལ་པོ་ཐམས་ཅད་ཚུར་ཤེག། སའི་སྟེང་འདིར་འབྲུག་སྒྲ་སྒྲོགས་ཤིག་ཆར་པོ་བ་ཤིག། ཆར་རབ་ཏུ་ཕོབ་ཤིག། ཆར་ཀུན་དུ་རབ་ཏུ་ཕོབ་ཤིག། དི་རི་རིར་སྒྲོགས་ཤིག། གློག་ཆེན་པོ་སྣང་བ
235a5 རབ་ཏུ་བླུང་ཤིག། འདྲ་ཞིང་ཀུན་ཏུ་འདུལ་ཏོག་ཡར་དར་དེར་ཞིང་འདུག་སྟེ། ཀླུའི་སྐད་ཆེན་པོ་ཡིད་དུ་འོང་བའི་སྒྲ་ཆེན་པོ་འབྱིན་ཅིང་དབྱངས་ཆེན་པོ་རབ་ཏུ་སྒྲོགས་པ་དག་འཛམ་བུའི་གླིང་དུ་ཆར་རབ་ཏུ་ཕོབ་ཤིག།
235a6 ཨུ0f7fཀྲཱ་དྷརྠདྷ། ཀ་ཊགས། ག་ཊ་ཀ~ཾ་ཊེ། མཐུམརྦ། ཙཊ་ཙཊ། བཊ་བཊྚ། ཀྱེ་ཀྱེ་ཀླུ་དང་། ཀླུ་ཆེན་པོ་དག་ཆུང་ཆུར་ནུར་ཤིག། རྦང་ཤེག། དྷ་དྷ་དྱདྷ། ཧཱཊྚཱཿ། ཧྲཱིཙྪ། ཛཱཧཱུཾ། འབྲུག་སྒྲ་ཆེན་པོ་སྒྲོགས
235a7 ཤིག། རླུང་ཆེན་པོ་རབ་ཏུ་གཏོར་བདག་སངས་རྒྱས་ཀྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། ཀྱེ་ཀྱེ་ཀླུ་དང་། ཀླུའི་རྒྱལ་པོ་དག་ཀླུ་ཐམས་ཅད་ལ་ཡང་དག་པར་སྐུལ་གྱིས་འཛམ་བུའི་གླང
235a8 ངུ་ཆར་པོ་བ་ཤེག། གྷ་ཌ་གཱུ་རྞ། ཕཊ་ཕཊ། ཧ་ཧ། ཧེ་ཧེ། ཀླུ་ཆེན་པོ་དག་འདུས་ཤིང་སའི་སྟེང་དུ་ཆར་པོ་བ་ཤིག། གྷ་ཌཱ་གྷུ་ཌཱ། ཀི་རི་ཀི་རེ། ཙི་རི་ཙི་རི། མི་རི་མི་རི། དི་རི་དི་རི། ཀི་ལི་ཀི་ལི། ཞིང་ཐམས་ཅད་ཡོངས་སུ




iiif viewer powered by OpenSeadragon

234b - 235b

Texts on this page

Q690 - 'phags pa sprin chen po rlung gi dkyil 'khor gyi le'u klu thams cad kyi snying po zhes bya ba theg pa chen po'i mdo