e-texts navigator
Collection
Volume
Page
Wylie

234b1 མཁའ་ལ་དེ་རི་རི་སྒྲོགས་ཤིང་། རྫི་ཆར་ཆེན་པོ་རབ་ཏུ་འབེབས་ཏེ། བཅོམ་ལྡན་འདུས་ལ་སྲིའུ་བྱ་བ་དང་ཆོས་མཉན་པའི་ཕྱིར་ལྷགས་སོ།། ཀྱེ་ཀླུ་ཆེན་པོ་དང་ཀླུང་ག་ཆུར་ཤིག། མུ་ལུ་མུ་ལུ། ཙཊ་ཙཊ། པཊྚ་པ་ཊ།
234b2 མ་ཊ་མ་ཊ་སྭཱ་ཧཱ། གློག་འབར་བ་རབ་ཏུ་ཕྱུང་ཞིང་། རྫི་ཆར་ཆེན་པོའི་རྒྱུན་ཐོང་ལ་ཆར་ཕོབ་ཤིག། ཀྱེ་ཀྱེ་ཀླུ་ཆེན་པོ་དག་སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དྲན་པར་གྱིས་ཤིག།
234b3 ཀྱེ་ཀླུ་ཆེན་པོ་དག་ཆུར་ཤིག་ཚུར་ཤེག། འཛམ་བུའི་གླིང་དུ་ཆར་རབ་ཏུ་ཕོབ་ཤིག། གུ་ཊུ་གུ་ཊུ། མུ་ཊུ་མུ་ཌྷ། ཧི་ཧི་ཧི་ཧི། ཙུ་ཌ་ཙུ་ཌ། མ་ཧཱ་ནཱ་ག་ཧྲི་ད་ཡ། སརྦ་ནཱ་ག་ན། ཨ་གང་ཌྷ་ཡ། ས་ན་ཅོད་ཡ། ཤྲི་གྲཱ་ན་དར
234b4 སྭཱ་ཧཱ། སྤྲིན་ཆེན་པོ་རྣམ་པར་འཕྲུལ་པའི་རྒྱན་བཀོད་པ་དག་གསེར་སྣམ་གྱི་མཐའ་རིན་པོ་ཆེ་ཐམས་ཅད་ཀྱི་ཚོན་གྱི་ལྡ་ལྡི་མཛེས་པ། མུ་ཏིག་གི་རྒྱན་ཕྲེང་རབ་ཏུ་འཕྱང་བ་རྒྱ་མཚོ་ཆེན་པོའི་སྤྲིན་དག་དང་། ལྷའི
234b5 རིན་པོ་ཆེས་མཛེས་པར་བྱས་པའི་གཞལ་མེད་ལང་མེ་ཏོག་རབ་ཏུ་འཕྱང་བ་རྒྱ་མཚོ་ཆེན་པོའི་སྤྲིན་ཆེན་པོའི་སྤྲིན་དག་གིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་རློབས་ལ། རིན་པོ་ཆེའི་སྤྲིན་རབ་ཏུ་འཕྱང་ཞིང་། ལྷའི
234b6 རས་བཅོས་བུ་མང་པོ་མུ་ཏིག་གི་རྒྱན་ཕྲེང་རྒྱ་མཚོ་ཆེན་པོའི་སྤྲིན་དག་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཟབ་མོ་སྣ་ཚོགས་ཀྱི་བྱིན་གྱིས་རླབས་ཀྱི་སྣ་སྒྲོགས་པ་རྒྱ་མཚོའི་སྤྲིན་དག་དང་། དེ་བཞིན་གཤེགས
234b7 པ་ཨའི་ཡོན་ཏན་གྱི་རྒྱན་བཀོད་པ་བསམ་གྱིས་མི་ཁྱབ་པ་རྣམ་པ་སྣ་ཚོགས་ཡང་དག་པར་སྟོན་པ་རིན་པོ་ཆེ་བཀོད་པ་ཆེན་པོའི་རྒྱ་མཚོའི་སྤྲིན་དག་གིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས
234b8 ཏེ། སྤྲིན་ཆེན་པོ་རྣམ་པར་འཕྲུལ་པའི་སྒྲ་སྒྲོགས་པ་རྒྱ་མཚོའི་སྤྲིན་དག་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ལྷའི་བླ་རེའི་དྲིལ་བུའི་སྒྲ་སྙན་པ་སྒྲོགས་པ་རྒྱ་མཚོའི་སྤྲིན་དག་དང་། བྱའི་ཚོགས་ཐམས་ཅད་སྐད་འབྱིན་ཅིང




iiif viewer powered by OpenSeadragon

234a - 235a

Texts on this page

Q690 - 'phags pa sprin chen po rlung gi dkyil 'khor gyi le'u klu thams cad kyi snying po zhes bya ba theg pa chen po'i mdo