| | e-texts navigator
|
199b1 ཏདྱ་ཐཱ། ཀུན་ཏུ་ལེ། ཀུན་ཏུ་ལ། ཀུན་ཏུ་ལ། ཀུན་ཏུ་ལེ། ཨ་ཧི་ཨ་ཧེ། ས་དྷ་མར་ཏ་ཀ། སདྷ་བྷནཿན་ཀ། ཏིཥྛ་དུཥྚ་བད་དྷོ་ས་སྭཱ་ཧཱ།། བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ།
199b2 དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ལགས་པ་དང་འཐུན་པའི་མདོ།། རིགས་སྔགས་དང་། སྤང་བ་དང་། མུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད
199b3 པད་ལ། གལ་ཏེ་དྲི་ཟའམ། དྲི་ཟ་མོའམ། དྲི་ཟ་རྒན་པོའམ། དྲི་ཟ་རྒན་མོའམ། དྲི་ཟླ་བུ་པོའམ། དྲི་ཟའི་བུ་མོའམ། དྲི་ཟའི་འཁོར་པོའམ། དྲི་ཟའི་འཁོར་མོའམ། དྲི་ཟའི་མདག་གཞུག་པའམ། དྲི་ཟའི་མདག་གཞུག
199b4 མ་འཚེ་བར་བགྱིད་པ། གླགས་ལྟ་ཞིང་གླག་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང་། ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་གླགས་མི་རྙེད་ཅིང་གནས་མི་རྙེད་ལ།། དྲི་ཟ་རྣམས་ཀྱི་དྲི་ཟ་འདུ་བའི་ནང་དུ་མཆིར་མི་ཆུང་ཅིང་།
199b5 རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ཚལ་བ་བདུན་དུ་འགསོ་ལགས་སོ།། བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན
199b6 ནམ། དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་རྒྱུ་བ་དང་། ཀུན་དུ་རྒྱུ་བ་མ་ལགས་པ་དང་འཐུན་པའི་མདོ།། རག་སྔགས་དང་། སྲུང་བ་དང་། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་གནོས་ཤིང་འདོན་པར
199b7 བགྱིད་བ་དེ་ལ། ། གལ་ཏེ་ཤ་ཟ་འམ། ཤ་ཟ་མོ་འམ། ཤ་ཟ་རྒན་པོ་འམ། ཤ་ཟ་རྒན་མོའམ། ཤ་ཟའི་བུ་པོ་འམ། ཤ་ཟའི་བུ་མོ་འམ། ཤ་ཟའི་འཁོར་པོ་འམ། ཤ་ཟའི་འཁོར་མོ་འམ། ཤ་ཟའི་མདག་གཞུག་པའམ།
199b8 ཤཟའི་མདག་གཞུག་མ་འཚེ་བར་བགྱིད་པ། གླགས་ལྟ་ཞིང་གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང་། ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་གླགས་མི་རྙེད་ཅིང་གནས་མི་རྙེད་ལ། ཤ་ཟ་རྣམས་ཀྱི་ཤ་ཟ
iiif viewer powered by OpenSeadragon
199a - 200a