| | e-texts navigator
|
199a1 ཤང་འབྲས་བུ་རྟག། རྨ་བྱ་ཁྲུང་ཁྲུང་སྒྲ་སྟན་དང་།། ཁུ་བྷག་སྒྲ་སྐད་ཆེན་པོ་དང་།། ཤང་ཤང་ཏེ་འུ་དག་སྒྲ་འབྱིན་ཅིང་།། རྨ་བྱ་རྣམས་ཀྱི་སྒྲ་དག་ཀྱང་།། གོ་ཀུམ་བྷ་དང་ཆུན་ལག་དང་། བྱ་རྣམས་སྣ་ཚོགས་སྐད
199a2 འབྱིན་ཅིང་། ། མེ་ཏོག་སྦྲང་རྩིའི་རོལ་དགའ།། ལུས་ངན་པོ་དེ་གླུ་གར་གྱིས།། པད་མ་ཅན་དང་ལྷན་ཅིག་རྩེ།། བཙུན་པ་གྲོང་ཁྱེར་ལྕང་ལོ་ཅན་གྱི་ཕ་རོལ་ན་རྒྱལ་པོ་དཔའ་བོ་ཞེས་བགྱི་བ་ཡུལ་འཁོར་མུ་ལྷུང་ན་མཆིས
199a3 ལགས་སོ། ། བདག་གང་ན་མཆིས་པའི་མདུནས་དེ་ནི་ཁྱུ་མཆོག་ཅན་ཞེས་བགྱི་སྟེ། བདག་གི་མི་ནི་རྣམ་ཐོས་ཀྱི་བུ་ཞེས་བགྱི་ལེགས་སོ།། དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ།། ཏདྱ་ཐཱ། མི་ལི་མི་མ
199a4 ཨི་ལི་མི་ལི། ཀི་ཊི་མཱུ་ལ། ཧི་ལི་ཀིང་ཊཱི་མཱའི་ལ་ག། གོ་རེ། གན་ཏ་རི། གདོ་ཏན།། ཨོཾ་ཀི་མོཀ་སཱཧཱ།། བཙུན་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་གིས་དྲི་ཟརྣམས་དང་། དྲིབ་ཆེན་པོ་རྣམས་དང་། ཇི་ཟ
199a5 དཔོན་རྣམས་དང་། དམག་དཔོན་རྣམས་ཀྱི་མིང་བརྗོད་པར་བགྱི་ལགས་སོ།། འདི་ལྟ་སྟེ། འདོད་མྱོས་དགའ་བས་མྱོས་པ་དང་། གླུ་ཡིས་མྱོས་བསྨན་དང་ནི།། ཕྲེང་བས་མྱོས་དང་སྦྲད་ཅིས་མྱོས།། མེ་ཏོག་མྱོས་པ་སྤུན་ནམ
199a6 དང་། རྟག་ཏུ་མྱོས་དང་དཔལ་གྱིས་མྱོས།། ནོར་གྱིས་མྱོས་དང་དགའ་བྱེད་དང་།། ཨུད་པལ་པད་མ་ཟླ་བ་དང་། ལྔ་འཛིན་དང་ནི་ཁྭ་བྷག་སྠ།། ཏུམ་བུ་རུ་དང་བཙུག་ལྔ་དང་།། གསེར་སྐྱོང་བུ་མོ་གསེར་ཅན་དང་། པ་བ་སངས་དང
199a7 པྲར་བུ་དག། འགྲོ་གནས་ཇི་སྙེད་རྒྱལ་པོ་ལགས།། དེ་དག་བདག་གི་སྤྱན་ལགས་ཏེ།། དེ་དག་ལ་བདག་དྲི་ཟ་འདི་ནི་བདག་ལ་འཚེའོ།། དྲི་ཟ་འདི་ནི་བདག་མི་གཏོང་ངོ་ཞེས་མཆི་ཞིང་དེ་དག་ལ་གོ་བར་བགྱིད་ལགས་སོ།། བདག
199a8 ལ་འཚེ་བའི་དྲི་ཟ་དང། བདག་མི་གཏོང་བའི་དྲི་ཟ་ཡིས།། ལེགས་པར་སྨྲས་པ་འདི་ཐོས་ན།། མ་རྫ་ཀ་ཡི་དོག་པ་བཞིན། དེའི་མགོ་ཚལ་བ་བདུན་དུ་འགས།། དེ་ལ་གས་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ།།
iiif viewer powered by OpenSeadragon
198b - 199b