e-texts navigator
Collection
Volume
Page
Wylie

198b1 བྱ་དང་། སྐྱེས་པ་དང་། བུད་མེད་དང་། གཞོན་ནུ་དང་། གཞོན་ནུ་མ་ལ་འཚལ་ཞིང་ཕྱོགས་ཕྱོགས་དག་ཏུ་ཡང་མཆི་ལགས་སོ།། གླང་པོ་ཆེ་གཅིག་གིས་ཤིང་རྟ་དྲངས་ཤིང་ཕྱོགས་ཕྱོགས་དག་ཏུ་ཡང་མཆིས་ལག་སོ།།
198b2 ཆིབས་ཏེ་དང་། རྔ་མོ་དང་། ཁྱུ་མཆོག་དང་། མ་ཧེ་དང་། ར་དང་། ལུག་དང་། སྦྲུལ་དང་། བྱ་དང་སྐྱེས་པ་དང་། བུད་མེད་དང་། གཞོན་ནུ་དང་། གཞོན་ནུ་མ་གཅིག་གིས་ཤིང་ཏ་དྲངས་ཤིང་ཕྱོགས་ཕྱོགས་དག་ཏུ་ཡང་འཆི
198b3 ལགས་སོ། ། རྫུ་འཕྲུལ་ཆེན་པོ་སྟོབས་པོ་ཆེའི།། གནོད་སྦྱིན་འདོད་དགུར་མཆི་བ་རྣམས།། གཞོན་པ་དེ་དག་འཚལ་ནས་ན།། ཕྱོགས་བཞི་དག་ནི་སྐྱོད་པར་བགྱིད།། རྒྱལ་པོ་དག་ནི་གྲོང་ཁྱེར་དག། སྣ་ཚོགས
198b4 མཁའ་ལ་རྒྱུ་བ་མཆིས། ། འདི་ལྟ་སྟེ། ཀུན་ཏུ་རྒྱུ་བ་དང་ཀུན་དུ་རྒྱུ་བ་མ་ལགས་པ་དང་། ས་ལ་ཀུན་ཏུ་རྒྱུ་བ་མ་ལགས་པ་དང་། གར་བཅས་ས་སྟེང་ཀུན་ཏུ་རྒྱུ་བ་དང་། སྦུབས་ཅན་དང་། གྲོང་ཀོར་སྦུབས་ཅན་ཞེས་བགྱི་བ་དག་ལག་སོ།།
198b5 བྱང་ཕྱོགས་ན་མཆོ་ཀ་བི་བད་ཀ་ཞེས་བགྱི་བ་ཡང་མཆིས་ལགས་སོ།། ནུབ་ཕྱོགས་ན་གྲོང་ཁྱེར་སར་པ་གསེར་ལྡན་དང་། གོས་ཅན་དང་། གོས་མཆོག་ཅན་དང་། པད་མ་ཅན་དང་། པད་མ་བཟང་པོ་ཅན་དང་། ས་གཞི་ཅན
198b6 ཞེས་བགྱི་བ་དག་ཀྱང་མཆིས་ལགས་སོ། ། ཆབ་རྒྱུན་མང་པོའི་གནས་གྱུར་པ། འཛིན་པ་ཞེས་བགྱིའི་མཚོ་མཆིས་ཏེ།། ཆབ་རྒྱུན་ཐ་དད་དེ་ལས་བྱུང་།། དེ་ལས་དགུད་ཆར་འབབ་པར་འགྱུར།། བཙུན་པ་གྲོང་ཁྱེར་ཨུ
198b7 ཨུ་ཤ་རའི་སྦུབས་ཀྱི་ཕ་རོལ་ན། ། ལུས་གནས་དང་ནི་གནས་ཡངས་དང་།། དེ་བས་གནས་ཡངས་རྒྱུན་ལུགས་ཅན།། རྒྱུན་ལུགས་མང་དང་དེ་བས་མང་།། བར་སྣང་མཁའ་ལ་བྱ་ལྟར་གདའ།། བཙུན་པ་གྲོང་ཁྱེར
198b8 སྐབས་ཅན་གྱི་ཕ་རོལ་བྱང་ཕྱོགས་ན་མདུན་ས་བྱ་གར་ཅན་ཞེས་བགྱི་བ་དེ་མཆིས་ཏེ། དེར་ནི་གནོད་སྦྱིན་རྣམས་འདྲ་ཞིང་གནས་སོ།། རྐང་མི་སྡུག་ལ་མཆུ་འཕྱང་དང་།། འཇིགས་རུང་ལྟེ་སྤུཅན་དག་མ་ཆིས།། དེ་ན་ལྗོན




iiif viewer powered by OpenSeadragon

198a - 199a

Texts on this page

Q687 - mdo chen po kun tu rgyu ba dang kun tu rgyu ba ma yin pa dang mthun pa'i mdo zhes bya ba