e-texts navigator
Collection
Volume
Page
Wylie

198a1 ལྕེའི་རྩེ་འདྲ་བའི། ། སྨན་དག་འབྱུང་བར་འགྱུར་བ་ཡི།། ཕྱོགས་དེ་མངོན་པར་སྤྱོད་བགྱིད་པ།། རྒྱལ་ཆེན་གྲགས་དང་ལྡན་པ་ནི།། གནོད་སྦྱིན་བདག་བ་རྒྱལ་བ་སྟེ།། མིངན་ལུས་ངན་པ་ཞེས་པགྱི།། དནི་ཉེདུ།
198a2 ལྷན་ཅིག་ཏུ།། གླུ་དང་གར་གྱེས་རྟག་ཏུ་རྩེ།། གནོད་སྦྱིན་རྣམས་ཀྱིས་ཡོངས་བསྐོར་ཅིང་། གནོད་སྦྱིན་རྣམས་ཀྱིས་མདུན་གྱིས་བལྟས།། དེ་ལ་བུ་ནི་མང་མཆིས་ཏེ།། བརྒྱད་བཅུ་དང་ནི་བཅུ་དང་གཅིག། དེ་དག་མིང་འཐུན
198a3 གྲགས་པ་ནི། ། དབང་པོ་ཞེས་བགྱི་སྟོབས་པོ་ཆེ།། ལྷོ་དང་ལྷ་མིན་གཡུལ་འགྱེད་པ།། ཀུན་དུ་གཞན་གྱིས་མི་ཐུབ་ལགས།། དེ་དག་རྣམས་ཀྱིས་རྫོགས་སངས་རྒྱས།། སངས་རྒྱས་ཉི་མའི་གཉེན་མཐོང་ནས།། སྐྱེས
198a4 བཅང་ཤེས་ཁྱོད་ལ་འདུད། ། སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ཞེས།། མི་ཡིས་ཕྱག་བགྱིས་ཁྱོད་ལ་ནི།། རྒྱང་རིང་གནས་ཤིང་ཕྱག་འཚལ་ལགས།། བདག་ལ་དགེ་བས་གཟིགས་སུ་གསོལ།། ཁྱེད་ལ་མི་མིན་ཕྱག
198a5 འཚལ་པ། དེ་སྐད་ཡང་དང་ཡོད་དུ་ཐོས།། དེ་སླད་བདག་ནི་འདི་སྐད་ཅེས།། འདྲེན་པ་རྒྱལ་ཕྱག་འཚལ་ཅིག། གཽ་ཏ་མ་རྒྱལ་ལ་ཕྱག་འཚལ་ཅིག། སངས་རྒྱས་རིག་དང་ཞབས་ལྡན་པ།། མྱ་ངན་འདས་ལ་ཕྱག་འཚལ་མམ།།
198a6 དེ་ལྟར་བྱང་གི་ཕྱོགས་དེ་ནི།། བཟང་བ་ལགས་ཤེས་སྐྱེ་བོ་མཆི།། ཕྱོགས་དེ་མངོན་པར་སྐྱོད་བགྱིད་པ།། རྒྱལ་ཆེན་གྲགས་དང་ལྡན་པ་ལགས།། ཤར་ཕྱོགས་ན་ནི་ཡུལ་འཁོར་བསྲུང་།། ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པ།
198a7 ནུབ་ཕྱོགས་ནན་མིག་མེ་བཟང་། བྱང་ཕྱོགས་ན་ནི་ལུས་ངན་པོ།། རྒྱལ་པོ་ཆེན་པོ་དེ་བཞི་དག། འཇིག་རྟེན་སྐྱོང་བ་གྲགས་དང་ལྡན།། རྫུ་འཕྲུལ་ཆེན་པོ་སྟོབས་པོ་ཆེ། ཕྱོགས་བཞི་དག་ནི་སྐྱོར་བར་བགྱིད།། རྒྱལ་པོ་དག་གི
198a8 མདག་གཞུག་པ། ། གནོད་སྦྱིན་འདོད་དགུར་མཆི་བ་རྣམས།། དེ་དག་གླང་པོ་ཆེ་འཚལ་ཞིང་།། ཕྱོགས་ཕྱོགས་དག་ཏུ་རྣམ་པར་རྒྱུ།། དེ་དག་ནི་ཆིབས་རྟ་དང་། རྔ་མོ་དང་། ཁྱུ་མཆོག་དང་། མ་ཧེ་དང་། ར་དང་ལུག་དང་ཀྵ་ད




iiif viewer powered by OpenSeadragon

197b - 198b

Texts on this page

Q687 - mdo chen po kun tu rgyu ba dang kun tu rgyu ba ma yin pa dang mthun pa'i mdo zhes bya ba