| | e-texts navigator
|
197b1 བ་སྟེ། དེ་ནི་ཆུ་སྔོན་རྒྱ་མཚོ་ཞེས།། སྐྱེ་བོས་རྟོགས་པ་མཆིས་པ་ཡི། ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ།། རྒྱལ་ཆེན་གྲགས་དང་ལྡན་པ་ནི།། ཀླུ་ཡི་བདག་པོ་རྒྱལ་པོ་སྟེ།། མིང་ནི་མིག་མི་བཟང་ཞེས་བགྱི།
197b2 དེ་ནི་ཉེ་དུ་ལྷན་ཅིག་ཏུ། གླུ་དང་གར་གྱིས་རྟག་ཏུ་རྩེ།། ཀླུ་རྣམས་ཀྱིས་ནི་ཡོངས་བསྐོར་ཅིང་། ཀླུ་རྣམས་ཀྱིས་ནི་མདུན་གྱིས་བལྟས།། དེ་ལ་བུ་ནི་མང་མཆིས་ཏེ།། བརྒྱད་ཅུ་དང་ནི་བཅུ་དང་གཅིག། དེ་དག
197b3 མིང་མཐུན་གྲགས་པ་ནི། དབང་པོ་ཞེས་བགྱི་སྟོབས་པོ་ཆེ།། ལྷ་དང་ལྷ་མིན་གཡུལ་འགྱེད་པ།། ཀུན་ཏུ་གཞན་གྱིས་མི་ཐུབ་ལགས།། དེ་དག་རྣམས་ཀྱིས་རྫོགས་སངས་རྒྱས། སངས་རྒྱས་ཉི་མའི་གཉེན
197b4 མཐོང་ནས། ། སྐྱེས་བ་ཅད་ཤེས་ཁྱོད་ལ་འདུད།། སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ཞེས།། མི་ཡིས་ཕྱག་བགྱིས་ཁྱོད་ལ་ནི།། རྒྱད་རིང་གནས་ཤིང་ཕྱག་འཚལ་ལགས།། བདག་ལ་དགེ་བས་གཟིགས་སུ
197b5 གསོལ། ། ཁྱོད་ལ་མི་མི་ནི་ཕྱག་འཚལ་པ།། དོ་སྐད་ཡང་དང་ཡང་དུ་ཐོས།། དེ་སླད་བ་དག་ནི་འདི་སྐད་ཅེས།། འདྲེན་པ་རྒྱལ་ལ་ཕྱག་འཚོལ་ཅིག། གཽ་ཏ་མ་རྒྱལ་ལ་ཕྱག་འཚལ་ཅིག། སངས་རྒྱས་རིག་དང་ཞབྲ
197b6 ལྡན་པ། མྱ་ངན་འདས་ལ་ཕྱག་འཚལ་མཆི།། དེ་ལྟར་ནུབ་ཀྱི་ཕྱོགས་དེ་ནི།། བཟང་བ་ལགས་ཤེས་སྐྱེ་བོ་མཆི།། ཕྱོགས་དེ་མངོན་པར་སྐྱོང་བགྱིད་ཅིང་།། རྒྱལ་ཆེན་གྲགས་དང་ལྡན་པ་ལགས།། གང་ན་བྱང་གི་སྒྲ་མི
197b7 སྐན། ། དགའ་ཞིང་ལྷུན་ཆེན་ལྟ་མཛེས་དང་།། གང་ན་མི་རྣམས་ཚེ་ལེ་ནི། རྒྱ་ཕྲག་བཅུ་པ་སྐྱེ་འགྱུར་ཞིང་།། དེ་དག་མི་རྨོ་མི་འདེབས་ལ། གཽ་ཤོལ་ཡང་འཆའ་བར་མི་བགྱིད་ཅིང་།། ཚེ་རིང་མདོག་དང་ལྡན་པ་དང་། ངས་པར
197b8 ཡོངས་སུ་སྤྱོང་བགྱིད་ཅིང་། ། ཟས་སུ་ས་ལུ་ཁ་དོག་དང་།། དྲི་དང་རོ་དང་ལྡན་པ་དང་།། དྲི་གདའ་མེ་ཏོག་ཚོགས་འདྲ་ཞིང་།། ལྷ་ཡི་བདུད་རྩི་འདྲ་བ་འཚལ།། ན་ལི་ཀེར་བསྐོལ་བགྱེས་ནས།། ཚོད་མར་དེ་འཚལ་སྲན་ཚར་མིན།། གང་ན
iiif viewer powered by OpenSeadragon
197a - 198a