| | e-texts navigator
|
196b1 བགྱིད་ན་ལེགས་སོ་ལེགས་སོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལ་ཅང་མི་གསུང་བས་གནང་བར་མཛད་དོ།། དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་བཅོམ་ལྡན་འདས་ཀྱིས
196b2 ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུན་པ་མ་ཡིན་པ་དང་འཐུན་པའི་མདོ།། རིག་སྔགས
196b3 དང་། སྲུང་བ་དང་། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་འཆེར་གསོལ་ཏོ།། སྐྱེ་བོ་གང་དག་གཏོད་ཕོད་ཅིང་། ཕྲ་མ་མི་མཆི་སེར་སྣ་བྲལ།། གང་དག་སངས་རྒྱས་སྐྱབས་མཆིས་པས།། མི་དེ་རྣམས
196b4 ཀྱི་རྙེད་པ་ལགས། ། གང་གི་འཆར་ལ་བརྟེན་ནས་ནི།། དེས་ན་ཉིན་མོར་བརྗོད་པ་ཡི། ཉི་མ་ཆེན་པོ་དཀྱིལ་འཁོར་ཅན།། ཉི་གདུགས་གང་ནས་འཆར་འགྱུར་བའི། ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ།། རྒྱལ་ཆེན་གྲགས་དང
196b5 ལྡན་པ་ནི། ། དྲི་ཟའི་བདག་པོ་རྒྱལ་པོ་སྟེ།། མིང་ནི་ཡུལ་འཁོར་སྲུང་ཞེས་བགྱི།། དེ་ནི་ཉེ་དུ་ལྷན་ཅིག་ཏུ།། གླུ་དང་གར་གྱིས་རྟག་ཏུ་རྩེ།། དྲི་ཟ་རྣམས་ཀྱིས་ཡོངས་སྐོར་ཅིང་། དྲི་ཟ་རྣམས་ཀྱིས་མདུན་གྱིས་བལྟས།། དེ་ལ་བུ་ནི
196b6 མང་མཆིས་ཏེ། བརྒྱད་བཅུ་དང་ནི་བཅུ་དང་གཅིག། དེ་དག་མིང་འཐུན་གྲགས་པ་ནི།། དབང་པོ་ཞེས་བགྱི་སྟོབས་པོ་ཆེ། ལྷ་དང་ལྷ་མིན་ཡུལ་འགྱེད་པ།། ཀུན་དུ་གཞན་གྱིས་མི་ཐུབ་ལགས། དེ་དག་རྣམས་ཀྱིས་རྫོགས་སདྲ
196b7 རྒྱས། སངས་རྒྱས་ཉི་མའི་གཉེན་མཐོང་ནས། སྐྱེས་བུ་ཅང་ཤེས་ཁྱོད་ལ་འདུད།། སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ཞེས།། མེ་ཡིས་ཕྱག་བགྱིས་ཁྱོད་ལ་ནི།། རྒྱད་རིང་གནས་ཤིང་ཕྱག་འཚལ་ལགས།། བདག་ལ་དགེ་བས
196b8 གཟིགས་སུ་གསོལ། ། ཁྱོད་ལ་མི་མིན་ཕྱག་འཚལ་བ། དེ་སྐད་ཡང་དང་ཡང་དུ་ཐོས།། ད་སླང་བདག་ནི་འདི་སྐད་ཅེས།། འདྲེན་པ་རྒྱལ་ལ་ཕྱག་འཚོལ་ཅིག། གཽ་ཏམ་རྒྱལ་ལ་ཕྱག་འཚལ་ཅིག། སངས་རྒྱས་རིག་དང་ཞབས་ལྡན་པ།
iiif viewer powered by OpenSeadragon
196a - 197a