| | e-texts navigator
|
194b1 ཏ་མ་ཤྲཱི་ཡེ་སྭཱ་ཧཱ། ། ཕྱག་བྱ་བའི་གཟུངས་རྫོགས་སྷོ།། །། འཕགས་པ་རིམས་དང་། སྲོག་ཆགས་ཀྱིས་མི་ཚུགས་པ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཨོཾ་ཛ་ཛ་རེ། བཪྵ་ཤ་པ་རེ་སྭཱ་ཧཱ།། ནམཿ་སི་ཏ་པྲཀྐ།
194b2 རཀྵཏཱ་རུ་ཥྚ་ལ་ཟིན་རྣམེ་ཁ་མེལ། ཅན་ཏི་ཏི་པ་ཏ་ཡེ། རོག་ནི་རྣཾ་བས་ག་ཡེ་སྭཱཿ། དྲིལ་ཕུལ་ལན་བདུན་བསྔགས་ཏེ། གང་གིས་ས་ཕྱོགས་སུ་དཀྲོལ་བ་དང་། ཁྱུ་དང་། གཅན་ཟན་དང་། སྲིན་བྲངང་ཁྱི་བ་དང་། རིམས་ནང
194b3 ཐམས་ཅད་བསྲུངས་པར་འགྱུར་རོ། ། རིམས་དང་སྲོག་ཆགས་ཀྱིས་མི་ཚུགས་པའི་གཟུངས་རྫོགས་སྷོ།། །། དུགཞི་བར་བྱེད་པ་ཞེས་བྱ་བ། བདུད་རྩི་སྨན་གྱི་ལྷ་མོ་ནོར་གྱི་རྒྱུན་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཨོཾ་སུ་རུ
194b4 སུ་རུག་བར་བ་རིཀེ། བི་རི་ཏི་རི། ཤུད་དྷེ་བི་ཤུ་དྷེ་སྭཱ་ཧཱ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བདེན་པ་དང་གཟི་བརྗིད་ཀྱིས། ཀླུའི་དྲུག་དང་། སྦྲུལ་གྱི་དྲུག་དང་། སྦྱར་བའི་དུག་དང་། ཁ་རླངས་ཀྱི་དུག་དང་། རྩ་བའི་དྲུག་དང་། གཅན
194b5 ཟན་མཆེ་བའི་དུག་བཅོམ་མོ། ། དུག་ངེས་པར་བཅོམ་མོ་ཞེས་བརྗོད་པར་བྱའོ།། དུག་ཐམས་ཅད་ཞི་བར་བྱེད་པའི་གཟུངས་རྫོགས་སྷོ།། །། མདངས་ཕྱིར་མི་འཕྲོག་པ་ཞེས་བྱ་བ་། བཻ་དཱུརྱའི་འོད་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ
194b6 ཨོཾ་མ་མ་རཀྵ། ས་ཀ་རེ་མ་ཧཱ་ས་ག་རེ། པུ་རུ་ཙེ་བུ་རུ་ཙུ་རེ་ས་མ་ནེ་མེ། དེ་བ་ཧུ་ལུ་ཧུ་ལུ་སྭཱ་ཧཱ།། གླ་རྩི་དང་། ཤུ་དག་དང་། བྷི་སུ་ནག་པོ་ལ་འདེགུ་བྱས་ཏེ། ལྐོག་མར་ཐིག་ལེ་བྱས་ཏེ་སྔགས་ལན་བདུན་བཟླས་ན། འབྱུང་པོ་རྣམ
194b7 ཀྱི་དེའི་མདངས་འབྲོག་པ་ལྟ་ཅི་སྨོས་ཀྱི། བལྟ་བར་ཡང་མི་ནུས་སོ།། རྫོགས་སྷོ།། །། འཕགས་པ་བདུད་ཐམས་ཅད་སྐྲག་པར་བྱེད་པ་ཞེས་བྱ་བ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།། ཨོཾ་སརྦཏྭ་ཐཱ
194b8 ག་ཏཱ་མ་ནི་ཤ་ཏ་དྷི་པ་ཏི། ཛྭ་ལ་ཛྭ་ལ་དྷརྨ་དྷཱ་དུ་གརྦྷེ། མ་ནི་མ་ནི་མ་ཧཱ་མ་ནི། ཧྲི་ད་ཡ་མ་ནི་སྭཱ་ཧཱ།། སྔགས་འདི་བརྗོད་པས་དཀར་པོའི་ཕྱོགས་ཀྱི་ལྷ་རྣམས་དགའ་ཞིང་བསྲུང་ངོ་།། ནག་པོའི་བདུད་ཐམས་ཅད་དངང་ཞིང
iiif viewer powered by OpenSeadragon
194a - 195a