| | e-texts navigator
|
186b1 རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་གཟུངས་འདིའི་ཡི་གེ་འམ། ཚིག་གམ། མིང་ངམ། ཐམས་ཅད་བྱང་ཆུབ་པར་འཛིན་ན་མི་དེ་སྐལ་པ་འབུམ་ཕྲག་བཅུ་བཞིར་ཚེ་རབས་དྲན་པར་འགྱུར་རོ།། ལས་ཀྱི་སྒྲིབ་པ་ཐམས
186b2 ཅད་ཀྱང་འབྱང་ལ་མྱུར་དུ་ཕྱིར་མི་ལྡོག་པ་ཉིད་ཀྱང་ཐོབ་པར་འགྱུར། བྱང་ཆུབ་ཀྱི་སྙིང་པོའི་བར་དུ་བསོད་ནམས་ཟད་པར་མི་འགྱུར་རོ།། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །
186b3 རྒྱ་གར་སྐད་དྲྀ། ཨཱརྱཱ་སརྦ་རོག་ཟ་ཤ་མ་ནི་ནཱ་མ་ཧཱ་ར་ཎཱི། བོད་སྐད་དུ། འཕགས་པ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ནས་མི་ག་ངགསངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདིག
186b4 བདག་གིས་ཐོས་པ་དུས་ཅག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ
186b5 དགེ་སློང་དག་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག། ཆོངས་ཤིག། ལྷོགས་ཤིག། ཀུན་ཆུབ་པར་གྱིས་ཤིག། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་ཅིག། ཏདྱ་ཐཱ། ཙི་ལེ་མི། ཙི་ལེ་མི། བནན་ཀོ་ཀི་ལི།
186b6 ཐི་མ་ཏི། ཀུཎ་ཌ་ལེ་དུན་དུ་བྷི། ཨིན་དྲ་ནི་མུ་ལེ་སྭཱཧཱ། འདི་དག་ནི་ཟས་མནུ་བ་དང་། སྨོས་པ་དང་། ཁྲག་དང་འཁྲིས་པ་འདྲེས་པ་དང་། གཞང་འབྲུམ་གྱིས་བཏབ་པ་དང་། གནང་ནང་ཅན་དང་། ཟ་ཁུ་དང་། ལུང་བ
186b7 ཅན་དང་། རིམས་ནད་ཅན་དང་། གླང་པ་ན་བ་དང་། གཞོགས་ཕྱེད་ན་པ་དང་། ཡི་དགས་ཀྱིས་ཟིན་པའི་གསང་སྔགས་གཞི་ཡིན་ཏེ། ཀུན་དགའ་བོ་གང་གསང་སྔགས་གཞི་འདི་དག་ལས་འགལ་བར་བྱེད་པ་དེ་ནི་ངས
186b8 ལྷ་དང་བཅས་པའི་འཇིག་རྟེན་ནམ་མཐོང་ངོ་། ། ཚེ་ཟད་པ་ནི་མ་གཏོགས་སོ།། གསང་སྔགས་གཞི་འདི་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་སྟེ།
iiif viewer powered by OpenSeadragon
186a - 187a