| | e-texts navigator
|
145a1 གཞན་གྱི་སྲོག་འཕྲོག་པ་དེ་དག་ཐམས་ཅད་ཀྱི་རིག་སྔགས་བཅིང་བར་བགྱིའོ། ། གཟི་བརྗིད་བཅིང་བར་བགྱིའོ།། གཞན་གྱི་རིག་སྔགས་བཅིང་བར་བགྱིའོ།། ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། བི་ཥི་དེ་བི་དེ། བཻ་ར་བཻར།
145a2 བཛྲ་དྷ་རི་བི་དྷ་བ་དྷ་ནི་བཛྲ་པཱ་ཎི་ཕཊ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཧཱུཾ་ཧཱུཾ་བན་དྷ་ཕཊ་མ་མ་རཀྵ་རཀྵ་སྭཱ་ཧཱ།། སུས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་མ་ཕྱིར་ལྡོག་མ་འདི་གྲོ་གའམ། རས
145a3 སམ། ཤིང་ཤུན་ལ་བྲིས་ཏེ། ལུས་སམ་མགུལ་དུ་ཐོགས་ན། དེ་ཇི་སྲིད་འཚོའི་བར་དུ་དུག་གིས་མི་ཚུགས། མཚོན་གྱིས་མི་ཚུགས། མེ་ཡིས་མི་ཚུགས། ཆུའིས་མི་ཚུགས། དབྱིག་དུག་གིས་མི་ཚུགས། ཁྱད་ཀྱིས་མི་ཚུགས།
145a4 དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ།། གདོན་ཐམས་ཅད་དང་། བགེགས་དང་། ལོག་འདྲེན་ཐམས་ཅད་ཀྱི་ཡིད་དུ་འོང་བ་དང་དགའ་བར་འགྱུར་རོ།། རྡོ་རྗེའི་རིགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་བཅུ་རྩ་བཞིས
145a5 ཀྱང་དེ་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦེད་པར་བྱེད་དེ། དེ་རྣམས་ཀྱི་ཡིད་དུ་འོང་བ་དང་དགའ་བར་འགྱུར་རོ།། བསྐལ་པ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་དུ་ཚེ་རབས་དྲན་པར་འགྱུར་རོ།། ནམ་དུ་ཡང་གནོད་སྦྱིན་དང་། ཡི་དགས་དང་། སྲུལ་པོ།
145a6 དང་། ལུས་སྲུལ་པོ་ཉིད་དུ་མི་འགྱུར་རོ།། མི་དབུལ་པོར་མི་འགྱུར་རོ།། སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ།། དེ་བཞིན་གཤེགས།
145a7 པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ལྡོག་མ་ཆེན་མོ་འདི་འཆད་ན་ཚངས་པར་མི་སྤྱོད་པ་སང་ཚངས་པར་སྤྱོད་པར་འགྱུར་རོ།། ཐུབ་པར་མ་བྱས་པ་ཡང་ཐུབ་པར་བྱས་པར་འགྱུར་རོ།།
145a8 མིགཙང་བ་ཡང་གཙང་བར་འགྱུར་རོ།། བསྟན་གནས་མ་བྱས་པ་ཡང་བསྙེན་གནས་བྱས་པར་འགྱུར་རོ།། བསྙུང་པ་མ་བྱས་པ་ཡང་བསྲུང་བ་བྱས་པར་འགྱུར་རོ།། མཚམས་མེད་པ་ལ་བྱས་པ་ཡང་སྡིག་པ་བྱང་པར་འགྱུར་རོ།
iiif viewer powered by OpenSeadragon
144b - 145b