e-texts navigator
Collection
Volume
Page
Wylie

144b1 དང་། གནོན་པོའི་གདོན་རྣམས་དང་། མཁའ་འགྲོ་མའི་གདོན་རྣམས་དང་། ནམ་བུའི་གདོན་རྣམས་དང་། གཤིན་རྗེའི་གདོན་རྣམས་དང་། བྱའི་གདོན་རྣམས་དང་། མ་མོ་དགའ་བར་བྱེད་པའི་གདོན་རྣམས་དང་། ཀུན་དུ་ཐོབ
144b2 གདོན་རྣམས་དང་། ཚེར་མ་འདོན་པའི་གདོན་རྣམས་དང་། རིམས་ཉིན་གཅིག་པ་རྣམས་དང་། ཉིན་གཉིས་པ་རྣམས་དང་། ཉིན་གསུམ་པ་རྣམས་དང་། ཉིན་བཞི་པ་རྣམས་དང་། ཉིན་བདུན་པ་རྣམས་དང་། རྟག་པའི་རིམས་རྣམས
144b3 དང་། རིམས་མི་བཟད་པ་རྣམས་དང་། རིམས་ལྡང་དུབ་པ་རྣམས་དང་། འབྱུང་པོའི་རིམས་རྣམས་དང་། རླུང་ལས་གྱུར་པ་རྣམས་དང་། མཁྲིས་པ་ལས་གྱུར་པ་རྣམས་དང་། བད་ཀན་ལས་གྱུར་པ་རྣམས་དང་། འདུས་པ་ལས་གྱུང
144b4 བ་རྣམས་དང་། རིམས་ནད་ཐམས་ཅད་དང་། གླད་པ་ན་བ་བསལ་དུ་གསོལ།། གཞོགས་ཕྱེད་ན་བ་དང་། ཡི་ག་འཆུས་པ་དང་། མིག་ནད་དང་། སྣ་ནད་དང་། ཁ་ནད་དང་། མགུལ་ནད་དང་། སྙིང་ནད་དང་། ལྐོག་མའི་ལྷ་གོར་ན་བ་དང་། རྡབ
144b5 ན་བ་དང་། སོ་ན་པ་དང་། སྙིང་ན་བ་དང་། རྨེན་པ་དང་། རྩིབ་ལོགས་ན་བ་དང་། རྒྱབ་རབ་དང་། ལྗོན་པ་དང་། རྐེད་པན་པ་དང་། ཆུ་སོ་ན་བ་དང་། བརླན་པ་དང་། བརྗེ་དང་ན་བ་དང་། ལག་པ་ན་བ་དང་། རྒུང་པ་ན་བ་དང་། ཡན་ལག་ན་བ་དང་། ཉིད་ལག
144b6 ན་བ་བསལ་དུ་གསོལ། གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ་འདིས། དཔག་ཚད་བཅུ་གཉིས་ཀྱི་ནང་ཚུན་ཆད་དུ་འབྱུང་པོ་དང་། རོ་ལངས་དང་། མཁའ་འགྲོ་མ་དང་། རིམས་དང་།
144b7 ཤུ་བ་དང་། གཡན་པ་དང་། འབྲུམ་བུ་ཕྲ་མོ་དང་། མཛེ་དང་། ཕོལ་མིག་དང་། བ་ལ་བ་ལྗགས་དང་། མེ་དཔལ་དང་། གཡའ་བ་དང་། ལྷོག་པ་དང་། སྐེམ་པ་དང་། སྐྲག་པ་དང་། དབྱིག་དུག་དང་། དུག་སྦྱར་མ་དང་། བྱད་སྟེ་མ་དང་། མེ་དང
144b8 ཆུ་དང་། མི་མ་དང་། དགྲ་དང་། གནོད་པ་དང་། དུས་མ་ཡིན་པར་འཆ་བ་དང་། སྦྲང་བུ་ཏྱ་པྲ་ཀ་དང་། ཏྲེ་ལཱ་ཏཱ་ཀ་དང་། སྡིག་པ་དང་། སྦྲུལ་དང་། སྲེ་མོ་དང་། སེང་གེ་དང་། སྟག་དང་། དོམ་དང་། དྲེད་དང་། ཆུ་སྲིན་དང་། བུད་པ་ལྟ་བུས




iiif viewer powered by OpenSeadragon

144a - 145a

Texts on this page

Q611 - 'phags pa de bzhin gshegs pa'i gtsug tor nas byung ba'i gdugs dkar po can gzhan gyis mi thub pa zhes bya ba'i gzungs