e-texts navigator
Collection
Volume
Page
Wylie

91a1 ནས། མི་ལུས་ཆེན་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཇི་ཁྱོད་འཇམ་དཔལ་གཞོན་ནུར་གྱུར་པ་སྟེ། འདི་ན་གདའ་བ། འཇམ་དཔལ་གྱིས་སྨྲས་པ། དགེ་སློང་དེ་དེ་བཞིན་ནོ།། དགེ་སློང་དེས་སྨྲས་པ། འཇམ་ད
91a2 ཁྱོད་ཅིའི་སླད་དུ་འདི་ན་གདའ། འཇམ་དཔལ་གཞོན་ནུར་གྱུར་པས་སྨྲས་པ། དགེ་སློང་འཛམ་བུའི་གླིང་འདིར་སེམས་ཅན་རྣམས་ལ་ནད་རྣམ་པ་སྣ་ཚོགས་བྱུང་སྟེ། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡང
91a3 དང་། དྲི་ཟ་རྣམས་རིའི་རྒྱལ་པོ་རབ་ཀྱི་ངོས་གཅིག་ལ་གནས་སོ།། དེས་ཉི་ཟླའི་འོད་ཀྱང་མི་མངོན། ཉི་མ་དང་ཟླ་བ་དང་། གཟའ་དང་། རྒྱུ་དཀར་རྣམས་ཀྱིང་ནམ་མཁའི་བར་སྐབས་ནི་མི་སྣང་ངོ་།། དེའི་ཚེ་ལྷ་དང་།
91a4 མ་ཡིན་ཀྱང་གཡུལ་འགྱེད་དེ། གཡུལ་བཀྱེ་བ་དང་། ལྷ་རྣམས་ནི་ཕམ། ལྷ་མ་ཡིན་རྣམས་ནི་རྒྱལ་ཏེ། དེའི་ཚེ་འབྱུང་པོ་དང་། ཡིདག་རྣམས་བུད་མེད་ཀྱི་གཟུགས་ཀྱིས་སེམས་ཅན་རྣམས་ལ་ནིད་གཏོང་སྟེ། འདི་ལྟ་སྟེ་ཞོན
91a5 མའི་ལྷ་གོར་ན་བ་དང་། འབྲུམ་ཕྲན་དང་། མེ་དཔལ་དང་། སྟོན་པ་དང་། རིམས་ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། རླུད་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བན་ཀན
91a6 ལས་གྱུར་པ་དང་། འདུས་པ་ལས་གྱུར་པ་དང་། ཀླད་པ་ན་བ་དང་། པོ་ལ་མིག་དང་། གཡན་པ་དང་། ཆད་པ་དང་། མིག་ནད་ལ་སོགས་པ་ཉེ་བར་སྒྲུབ་བོ།། འདི་ལྟ་སྟེ། ཆར་ཆེ་བ་དང་། ཐན་པ་དང་། དུས་མ་ཡིན་པའི་ཆར་གྱིས།
91a7 ལོ་ཏོག་ཕུན་སུམ་ཚོགས་པའི་འོངས་འཕྲོག། སེམས་ཅན་རྣམས་ཀྱི་མདདས་འཕྲོག། ཚེ་དང་། སྟོབས་དང་། མདོག་དང་གཟུགས་འཕྲོག་སྟེ། དེ་ཚེ་འཛམ་བུའི་གླིང་ན་སེམས་ཅན་ཐམས་ཅད་ནད་སྣ་ཚོགས་ཀྱིས་ཡོངས་སུ་ཉན
91a8 ཏོ། ། གཏུམ་པོ་སེང་གེ་དང་། སྤྱང་གི་དང་། སྟག་དང་། སྦྲུལ་ལ་སོགས་པའི་གཟུགས་ཀྱིས་སེམས་ཅན་རྣམས་ཀྱི་མདངས་འཕྲོག་སྟེ། འཛམ་བུའི་གླིང་གི་སེམས་ཅན་རྣམས་ལ་དུས་མ་ཡིན་པར་ཆུད་ཟ་བར་ཉེ་བར




iiif viewer powered by OpenSeadragon

90b - 91b

Texts on this page

Q497 - 'phags pa khyad par can zhes bya ba'i gzungs