e-texts navigator
Collection
Volume
Page
Wylie

82a1 བ་བྱས་པའམ། ཡོངས་སུ་གཟུང་བ་འམ། བཅིངས་པ་འམ། ཞི་བ་དང་བདེ་ལེགས་སུ་འགྱུར་བ་བྱས་པ་གཞན་དུ་འགྱུར་བ་དེ་ནི་གནས་མེད་དེ། ལྷ་དང་བཅས། བདུད་དང་བཅས། ཚངས་པ་དང་བཅས་པའི་འཇིག་རྟེན་དང་།
82a2 དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མི་དང་ལྷ་མ་ཡིན་གྱི་ནང་ན་ཡངས་མ་མཐོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། གཟུངས་ཀྱི་གསང་སྔགས་གཞི་འདི་དག་ནི་གནོད་པ་དང་། ནད་གོ་བ་ལ་དང་། འཁྲུག་པ་ཐམས་ཅད་ལས
82a3 ངེས་པར་འབྱུང་བར་བྱིན་གྱིས་བརླབས་པའི་ཕྱིར་རོ། ། དེ་ནས་ཆོས་ཀྱི་རྣམ་གྲངས་འདི་རྫོགས་པའི་རྗེས་ལ་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་ཀྱང་།
82a4 ཆོས་ཀྱི་རྣམ་གྲངས་འདི་རྒྱ་ཆེར་རྒྱས་པར་བགྱི་བ་དང་། ཆོས་སྨྲ་བ་དེ་དག་རྗེས་སུ་ཡོངས་སུ་གཟུང་བ་དང་། དམ་པའི་ཆོས་ཅི་ནས་ཀྱང་ཡུན་རིང་དུ་གནས་པ་དང་། བདུད་ཐམས་ཅད་ཚར་གཅད་པའི་སླད་དུ་གཟུངས་ཀྱི་གསང་སྔགས
82a5 གཞ་འདི་རྣམས་རྗེས་སུ་སྩལ་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་དེ་ལ་ལེགས་སོ་ཞེས་བགྱི་བ་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་ནི་ལ་ཐུགས་བརྩེ་བའི་ཕྱིར་ཅང་མི་གསུང་བ
82a6 ཕྱུང་བས་གནང་སྟེ། ། རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་གིས་ཀྱང་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བར་གྱུར་པས་གནང་བར་རིག་ནས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ།། དེ་ནི་འདི་ལྟ་སྟེ། ད་ནད་ཀེ་དེ་ནད་ཌེ། མ་ཧཱ་ནད་ཎེ། ཛམ་བྷ་ནེ
82a7 སྟམ་བྷནེ། ཊ་ཊེ་ཊེ་ཊེན། མ་ཧཱ་ཊ་ནེ། ཀུང་ཊེ། ཀུང་ཅན། མཧཱ་ཀྲུང་ཊན། དྷརྨ་ལ། ཙརྨ་ལེ་སྭཱཧཱ།། བཅོམ་ལྡན་འདས་འདི་དག་ནི་གཟུངས་འདིའི་འཁོར་གྱི་ཚིག་ལྟ་བུར་གདའ་བ་ལགས་ཏེ། རིགས་ཀྱི་བུའམ་གས་ཀྱི་བུ་མོ་གང་ལ།
82a8 ལ་གཟུངས་སྔགས་གཞི་འདི་དག་འཛིན་པ་དང་། བཟླས་ཏེ་བཏོན་ནས་འཆང་བ་དེ་ནི་སྔོན་གྱི་ལས་མ་གཏོགས་པར་གཞན་གྱི་གནོད་པ་ཐམས་ཅད་ལས་འདའ་བ་དང་། འགྲོ་བ་ཐམས་ཅད་དང་རྗེས་སུ་འཐུན་པར་འགྱུར་རོ།། དེ་ལ་ནི་དམ།




iiif viewer powered by OpenSeadragon

81b - 82b

Texts on this page

Q483 - 'phags pa rig sngags kyi rgyal po sgron ma mchog gi gzungs