| | e-texts navigator
|
81a1 ཨད་ཏེ། མད་ཏེ། བ་ཀྵེ། པཱ་ར་ཀེ། བེ་ཀེ་ཌཱ་དྲ་མ་ཏི། ཏ་རམ་ཏི། ཌཱ་ཌམ་ཏི། ཊུ་ཊ་མ་ཊི། ཊུ་ཌ་ཊྚ་རེ། སུ་ར། ཏི་ལི་མུ་ལེ། ཏི་ལེ་སྭཱ་ཧཱ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན
81a2 དགའ་བོ་ཁྱོད་ཀྱིས་གཟུངས་ཀྱི་གསང་སྔགས་གཞི་འདི་དག་ཟུང་ཤིག། ལོང་ཤིག། ཆོངས་ཤིག་ལྷོགས་ཤིག། ཀུན་ཆུབ་པར་གྱིས་ཤིག། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིག། ཀུན་དགའ་བོ་སངས་རྒྱས་འབྱུང་བ
81a3 རྙེད་པར་དཀའོ། ། གཟུངས་ཀྱི་གསང་སྔགས་གཞི་འདི་དག་རྙེད་པར་དཀའོ།། ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་གཞི་འདི་དག་འཛིན་པ་ཡང་ཤིན་ཏུ་རྙེད་པར་དཀའོ།། ཀུན་དགའ་བོ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང
81a4 ལ་ལ་གཟུངས་ཀྱི་གསང་སྔགས་གཞི་འདི་དག་འཛིན་པ་དང་། ལེན་པ་དང་འཆད་པ་དང་ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་དེ་ནི་ཚེ་རབས་ཉི་ཤུ་རྩ་གཅིག་ཏུ་ཚེ་རབས་དྲན་པར་འགྱུར་རོ།།
81a5 ཚེ་འདི་ཉིད་ལ་ཡང་སྔོན་གྱི་ལས་མ་གཏོགས་པར་གཞན་གྱི་གནོད་པ་ཐམས་ཅད་ལས་འདའ་བ་དང་། འགྲོ་བ་ཐམས་ཅད་དང་རྗེས་སུ་འཐུན་པར་འགྱུར་རོ།། གང་ལ་ལ་ཞིག་ལ་བསྲུང་བ་བྱས་ན་དེ་ལ་ཡང་འབྱུང་པོ་ཐམས་ཅད་ཀྱིས
81a6 མི་ཚུགས་སོ། ། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་མི་ཚུགས་སོ།། སྦྲུལ་དང་སྲིན་བུ་དང་སིན་བུ་ལུ་ཏ་དང་། སྦྲང
81a7 བུ་ལྕགས་ཕྱེ་ཐམས་ཅད་ཀྱིས་མ་ཚུགས་སོ། ། རིམས་རླུང་དང་མཁྲིས་པ་དང་བད་ཀན་དང་འདུས་པ་དང་། དུས་ཚིགས་འགྱུར་བ་ལས་བྱུང་བ་ཐམས་ཅད་ཀྱིས་མི་ཚུགས་སོ།། ཞག་གཅིག་པ་འམ། ཞག་གཉིས་པ་འམ་ཞག་གས
81a8 པ་འམ། ། ཞག་བཞི་པ་འམ། ཞག་བདུན་པ་འམ། ཟླ་བ་ཕྱེད་པ་འམ། ཟླ་གཅིག་པ་འམ། ལོ་གཅིག་པའམ། ནད་རྒྱུན་རིངས་སམ། སྐད་ཅིག་པ་རྣམས་ཀྱིས་མི་ཚུགས་སོ།། འབྲས་སམ། ཕོལ་མིག་གམ། རྐང་ཤུ་འམ། ལྷག་པའམ
iiif viewer powered by OpenSeadragon
80b - 81b